དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སློབ་འགོ་ཚུགས་པའི་སློབ་ཚན་དང་པོར་ཁྲིམས་སྐྱོང་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    ཉེ་ཆར། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་ལས་བྱས་ཏེ“ལང་ཚོ་དང་ཁྲིམས་སྐྱོང་མཉམ་དུ་འགྲོགས། བཅའ་ཁྲིམས་སློབ་ཁང་ཆེ་མོའི”སྟོན་དུས་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དམིགས་ཏེ་ཁྲིམས་སྐྱོང་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ་བཅས་ཀྱི་སྒྲོག་འགྲེལ་གཅིག་སྡུད་ཐོག་སྤེལ་ནས། གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་པར་གྱུར་བའི་ཁྲིམས་སྐྱོང་གི་རྨང་གཞི་དང་། བསམ་བློའི་རྨང་གཞི། སེམས་ཁམས་ཀྱི་རྨང་གཞི་བཅས་སྔར་བས་བརྟན་པོ་བསྐྲུན་པ་རེད།

    འདི་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་སྒྲོག་འགྲེལ་པས་དྲིས་ལན་འདེབས་ཐུབ་པའི་སློབ་མར་བྱ་དགའི་དངོས་རྫས་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།