དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པས་སྐྱིད་གྲོང་གི་ཆུ་རུད་གནོད་འཚེ་ཐོན་ཡུལ་དུ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-08

    ཟླ་9ཚེས་5ཉིན་དང་ཚེས་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཕྱི་འབྲེལ་པུའུ་དང་མཉམ་དུ་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་སྒྲིག་འཛུགས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེ་ཐོན་ཡུལ་དུ་བཅར་འདྲི་བྱས་པ་རེད།

    ཚེས་6ཉིན་གྱི་ཉིན་དགུང་། ཀྲུང་ཕྱིའི་སྨྱན་སྦྱོར་གྱི་གསར་འགོད་པ་ཚོགས་པས་སྐྱིད་གྲོང་འགག་སྒོའི་གནོད་འཚེའི་ལྟེ་བའི་ཁུལ་དུ་བསྐྱོད་པ་རེད། ཚང་མས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་བརྒྱུད་གནོད་འཚེ་ཕོག་ཤུལ་ལ་ལྟ་ཞིབ་བྱས་ཏེ་གནོད་འཚེའི་གནས་ཚུལ་ཐག་གཅོད་དང་། ཉེན་སེལ་རོགས་སྐྱོབ། མང་ཚོགས་བཀོད་སྒྲིག་སོགས་ལས་དོན་ཁག་གི་འཕེལ་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ས་མཐོའི་གེགས་ཁུལ་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་གྱི་རྒུད་སྐྱོབ་ཀྱི་གནས་ཚུལ་རང་ཉིད་ངོ་མས་མྱོང་ཚོར་བྱས་པ་རེད།

    ཚེས་6ཉིན་གྱི་ཕྱི་དྲོར། གསར་འགོད་པ་ཚོཌ་པ་བོད་ལྗོངས་སྐྱིད་གྲོང་རྫོང་གི“8·26”

    ཆུ་རུད་གནོད་འཚེ་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུས་གཉེར་བའི་ཀྲུང་ཕྱིའི་སྨྱན་སྦྱོར་གྱི་ངོ་འཕྲད་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ངོ་འཕྲད་ཚོགས་འདུར་ཞུགས་ནས་གནོད་འཚེ་ཐོན་པའི་བརྒྱུད་རིམ་དང་། འཕྲལ་སྡོམ་ཐག་གཅོད། མི་སྣ་འཚོལ་སྐྱོབ། དམངས་འཚོ་འགན་ལེན། འགག་སྒོ་སླར་གསོ་སོགས་ཀྱི་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་དོ་ཁུར་བྱེད་པའི་གནད་དོན་ལ་རེ་རེ་བཞིན་ལན་བརྒྱབ་པ་རེད།

    གསར་འགོད་པར་ངོ་འཕྲད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་5ཉིན་གྱི་ཆུ་ཚོད་18བར། གནོད་འཚེའི་དབང་གིས་མི་43རྐྱེན་ལམ་དུ་ཤོར་བ་དང་། མི་519འབྲེལ་བ་ཆད་པ། མི་2བསྐྱབས་པ། ཤུལ་དངོས་993རྙེད་ཡོད་པ་བཅས་རེད། རིམ་རྩིས་བརྒྱབ་ན་རོགས་སྐྱོབ་སྟོབས་ཤུགས་མི་2500ལྷག་ཙམ་དང་། རླངས་འཁོར་ཐེངས་500ལྷག་ཙམ། འཚོལ་སྐྱོབ་སྒྲིག་ཆས་9000ལྷག་ཙམ་བཏང་ལ། མི་མེད་གནམ་གྲུ་ཐེངས་1000ལྷག་ཙམ་བཏང་བ་དང་མཁའ་དབྱིངས་ནས་དངོས་ཟོག་ཏུན་5.43དབོར་ཡོད་པ་རེད།

    ཨ་རི་དང་། དབྱིན་ཇི། ཨུ་རུ་སུ། རྒྱ་གར། ཕ་ཁི་སི་ཐན། སིང་ཀ་ཕོར། པར་ཙིར་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་སྨྱན་སྦྱོར་གྱི་གསར་འགོད་པ་བཅར་འདྲིར་ཞུགས་ཡོད་པ་རེད། བཅར་འདྲི་བྱེད་རིང་། གསར་འགོད་པ་ཚོས་ས་ཡུལ་དངོས་སུ་འདྲི་རྟོག་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བརྒྱུད། རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཏན་ཏིག་བྱས་པའི་བྱ་ཐབས་དངོས་ལ་ཕྱོགས་མང་པོའི་ཐད་ནས་ཤེས་རྟོགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།