2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།
ཉེ་ཆར། 2026ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་ས་ཡུལ་དངོས་སུ་རྣམ་གྲངས་ཁག་32ལ་གན་རྒྱ་བཞག་ཅིང་། དེའི་ནང་གི་རྣམ་གྲངས་ཁག་18ལ་དངོས་སུ་གྲོས་མཐུན་བཞག་པ་དང་ཁག་14ལ་འདོད་མཐུན་གྲོས་མཐུན་བཞག་པར། གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ཡོད། དེ་དག་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། སྐྱེ་དངོས་སྨན་རྫས་བཟོ་སྐྲུན་དང་། རིག་གནས་ཡུལ་སྐོར། མཐོ་གསར་གྲངས་འཛིན(རིག་རྩིས་ཞབས་ཞུ) ཆིང་དབྱང་ཐོན་ལས། ཀུན་སྤྱོད་མཁའ་འགྲུལ(དམའ་དབྱིངས་དཔལ་འབྱོར)སོགས་ལ་ཁྱབ་ཡོད།
འོས་སྦྱོར་ཚོགས་འདུའི་ཐོག་AIཡི་ཚོང་འགུགས་ལས་རོགས་ཐོག་མར་ནང་འདྲེན་བྱས་ཤིང་། ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཚོང་གཉེར་ཁོར་ཡུག་བཅས་ལ་དམིགས་ནས་ཐོན་ལས་འོས་སྦྱོར་བྱས་པ་རེད། ཚོང་འགུགས་ཕོ་ཉའི་འཐུས་མིས་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་ཁེ་ལས་ཀྱི་ཞབས་ཞུ་དང་ཐོན་ལས་བཀོལ་སྤྱོད་ཀྱི་རྣམ་པ་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།