དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་ནེ་པ་ལའི་མི་མང་པོ་ཞིག་བཀོད་སྒྲིག་ཚཌ་ཚུད་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-09-07

    ཟླ་9ཚེས་6ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། གནོད་འཚེ་ཐོན་རྗེས་བོད་ཀྱིས་ཆུ་ལམ་སྐམ་ལམ་མཁའ་ལམ་གསུམ་ནས་གེགས་སེལ་ལས་དོན་སྤེལ་ཞིང་། དོན་ཐོག་ཏུ་འཁྱོལ་ཐུབ་པའི་བྱེད་ཐབས་མཐའ་དག་སྤྱད་དེ་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་ཀྱི་ལས་དོན་འཕྲལ་མར་སྤེལ་ཡོད། 

    གཅིག་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་ཡོད་ཚད་འཚོལ་སྐྱོབ་བྱས་པ་དང་། 

    གཉིས་ནས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ནང་དུ་ལུས་པའི་ཡུལ་སྐོར་བ་555ཁ་འགྲེམས་གནས་སྤོ་བྱས་པ་མ་ཟད། རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་མཐའ་མཚམས་ཀྱི་མི་སེར་1720ཡི་འཚོ་བ་འགན་སྲུང་ཡག་པོ་བྱས་པ། 

    གསུམ་ནས་འབྲེལ་བ་ཆད་པའི་མི་སྣ་ཚང་མའི་ཐོབ་ཐང་ཞིབ་དཔྱད་ནན་པོ་བྱས་ཤིང་། རྒྱལ་མཚམས་འཛུལ་གྲོལ་གྱི་ཐོ་འགོད་དང་འཕྲིན་གཏོང་གི་ངེས་གནས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད། འབྲེལ་བ་ཆད་པའི་མི་སྣའི་ཐོབ་ཐང་ཆ་འཕྲིན་བསྡུ་རུབ་བྱས་ཏེ་རེ་རེ་བཞིན་གྲལ་བཤེར་དང་གཏན་འཁེལ་བྱས་པ་དང་། ནང་མི་ཚང་མའི་རེ་ཞུར་ལན་ཧུར་ཐག་བརྒྱབ་པ། རྒྱལ་ནང་དང་རྒྱལ་ཁོངས་གཞན་གྱི་ནང་མིར་དམིགས་པའི་ཞབས་ཞུའི་ཐད་འབྲེལ་ཁ་པར་4བཀོད་སྒྲིག་བྱས་པ་དང་ཆུ་ཚོད་24ཡི་རིང་ཉིན་མཚན་དབྱེར་མེད་དུ་ཁ་པར་ལེན་མཁན་ཡོད་པར་བྱས་པ། ནང་མི་ཚང་མའི་རེ་ཞུ་ཉན་པ་དང་ཚང་མར་སེམས་གསོ་བཏང་ནས་ཁུངས་སྣེ་ཚང་མ་དང་རེ་ཞུ་ཚང་མ་ཐོ་འགོད་གཟབ་ནན་བྱས་ཏེ། “མི་རེར་ཆེད་སྒྲུབ་ཚན་ཁག་རེ་དང་མི་རེར་ཡིག་ཚགས་རེའི”ལམ་སྲོལ་བཙུགས་ནས་ནང་མིར་སྣེ་ལེན་ཞུ་བ་དང་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།