དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་ཕྱིའི་གསར་འགོད་པ་སྐྱིད་གྲོང་དུ་བཅར་འདྲིར་བསླེབས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-07

    ཟླ་9ཚེས་5དང་6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་སྒྲིག་འཛུགས་བྱས་པའི་ཕྱི་རྒྱལ་གྱི་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་ཀྱི་གནོད་འཚེ་ཐོན་ཡུལ་དུ་བཅར་འདྲི་བྱས་པ་རེད།

    ཚེས་6ཉིན་གྱི་ཉིན་དགུང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་པ་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཐོན་སའི་ལྟེ་བའི་ཁུལ་དུ་འབྱོར་བ་རེད།

    གསར་འགོད་པའི་ཚོགས་པ་གནོད་འཚོ་ཐོན་སར་བསྐྱོད་ནས་གནོད་འཚེ་ཕོག་ཚབས་ཆེ་ཆུང་དང་། གནོད་འཚེའི་གནས་ཚུལ་ཐག་གཅོད་བྱེད་པ་དང་། ཉེན་སེལ་གུད་སྐྱོབ། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་ཤེས་རྟོགས་བྱས་ཤིང་། ཐག་ཉེ་སར་བཅར་ནས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་གེགས་སེལ་བྱེད་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད།

    ཚེས་6ཉིན་གྱི་ཕྱི་དྲོ། གསར་འགོད་པའི་ཚོགས་པ་བོད་ལྗོངས་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་ཡིས་འཚོགས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཐུག་འཕྲད་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཐུག་འཕྲད་ཚོགས་འདུར་ཞུགས་པ་དང་།  གནོད་འཚེ་ཐོན་པའི་བརྒྱུད་རིམ་དང་།  འཕྲལ་སྡོམ་ཐག་གཅོད།  མི་སྣ་འཚོལ་སྐྱོབ།  དམངས་འཚོ་འགན་ལེན་སོགས་ཀྱི་ལས་དོན་སྤེལ་ཚུལ་ཁྱབ་བསྒྲགས་བྱས་པ་དང་འབྲེལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་དོ་ཁུར་བྱེད་པའི་གནད་དོན་རེ་རེ་བཞིན་ལ་ལན་བསྐྱོན་ཡོད་པ་རེད།

    ཨ་རི་དང་། དབྱིན་ཇི། ཨུ་རུ་སུ། རྒྱ་གར། ཕ་ཁི་སི་ཐན། སིང་ཀ་ཕོར། པར་ཙིར་སོགས་རྒྱལ་ཁབ་ཀྱི་གསར་འགོད་པ་བཅར་འདྲིར་ཞུགས་ཡོད་པ་རེད། བཅར་འདྲི་བྱེད་རིང་། གསར་འགོད་པ་ཚོས་ས་ཡུལ་དངོས་སུ་བཅར་འདྲི་བྱེད་པ་དང་ངོ་འཕྲད་སྤེལ་རེས་བྱས་པ་བརྒྱུད་རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པའི་བྱ་ཐབས་དངོས་ཕྱོགས་མང་པོ་ནས་ཤེས་རྟོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།