ཉེ་ཆར། དྲག་ཆར་དང་ཐོག་རྒོད་རླུང་འཚུབ་སོགས་ཀྱི་གནམ་གཤིས་བསྟན་རྒྱུ།
ཟླ་9ཚེས་6ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་ཉིན་བཅུའི་ནང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་མུ་མཐུད་ཆར་པ་འབབ་རྒྱུ་ཡིན་ཞིང་། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ལྷ་ས། ཆབ་མདོའི་བྱང་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། དེའི་ནང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེན་པོ་འབབ་རྒྱུ་རེད་འདུག ཡར་ཀླུང་གཙང་པོའི་རྒྱུད་དང་ནག་ཆུ་དང་ཆབ་མདོའི་བྱང་རྒྱུད་དུ་དུས་ཐུང་ནང་དྲག་ཆར་འབབ་པ་དང་ཐོག་རྒོད་རླུང་འཚུབ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་རྒྱུ་རེད་འདུག
ཟླ་9ཚེས་7དང་8ཉིན། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། དེའི་ནང་ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་ཆེན་པོ་འབབ་རྒྱུ། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། ནག་ཆུ། ལྷ་ས། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། གཞིས་རྩེའི་དབུས་རྒྱུད་དང་བྱང་རྒྱུད་དང་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་ཐོལ་ཆར་རམ་འབྲུག་ཆར་འབབ་རྒྱུ།
ཟླ་9ཚེས་9ནས་ཚེས་12ཉིན་བར། གཞིས་རྩེ་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཉིང་ཁྲིའི་ཤར་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ལྷ་ས། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད་དང་། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་དབུས་རྒྱུད་དང་ལྷོ་རྒྱུད། མངའ་རིས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་དང་འབྲུག་ཆར་འབབ་རྒྱུ།
ཟླ་9ཚེས་13ནས་ཚེས་16ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུ་དང་། གཞིས་རྩེ། ཆབ་མདོ། ལྷ་ས། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། མངའ་རིས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁ་ཤས་ལ་ཆར་པ་འབྲིང་བ་ནས་ཆེན་པོ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།
གནམ་གཤིས་སྡེ་ཚན་གྱིས་བཏོན་པའི་གྲོས་འགོ
གཅིག རྒྱུན་མཐུད་རང་བཞིན་གྱི་ཆར་པ་འབབ་སྐབས་གནོད་འཚེར་དོགས་ཟོན་བྱེད་དགོས། དུས་འགོར་ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་འབབ་ཚད་མངོན་གསལ་དོད་པ་དང་ཉིན་བཅུའི་ནང་མུ་མཐུད་ཆར་པ་འབབ་རྒྱུ་མ་ཟད། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་པ་དང་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆར་འབབ་པའི་གནམ་གཤིས་བསྟན་སླ་བས། ལས་གྲྭ་འཛུགས་སྐྲུན་དང་འགྲོ་ལམ་འགྲིམ་འགྲུལ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པས་འབྲེལ་ཡོད་སྡེ་ཚན་གྱིས་དོགས་ཟོན་བྱེད་དགོས།
གཉིས། ཞོར་ཐོན་གནོད་འཚེར་དོགས་ཟོན་བྱེད་དགོས། མུ་མཐུད་ཆར་པ་བབས་ནས་ཆུ་རུད་དང་རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་ཐོན་སླ་བས། མངོན་མེད་རྐྱེན་ངན་ཐོན་སའི་གཟར་ངོས་དང་། གྲོག་རོང་། ཕུག་ལམ་སོགས་ལ་སྐོར་ཞིབ་དང་ཉེན་སེལ་བྱེད་དགོས།
གསུམ། གཏད་རྒྱུག་ཆེ་བའི་གནམ་གཤིས་ལ་དོགས་ཟོན་བྱེད་དགོས། ཕྱི་དྲོ་ནས་མཚན་མོའི་བར་དུས་ཐུང་ནང་དྲག་ཆར་འབབ་པ་དང་ཐོག་རྒོད་རླུང་འཚུབ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས། ཞིང་འབྲོག་ལས་ཐོན་སྐྱེད་དང་ཨར་ལས་བྱེད་སར་གཙོ་གནད་དུ་དོགས་ཟོན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།