མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་གསོ་རིག་ཞིབ་འཇུག་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་གནས་ཚུལ་འབྱོར་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས་རྣམ་གྲངས་འཛུགས་སྐྲུན་དང་། མ་ལག་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་འགག་སྒྲོལ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ས་མཐོའི་གསོ་རིག་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བདེ་ཐང་མཚོ་སྔོན་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་བྱས་ནས་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་གཞིའི་ཆེད་ཚན་སྨན་ཁང་དེ་རྣམ་གྲངས་འཛུགས་སྐྲུན་གྱི་གཞི་རྟེན་ཚན་པར་བརྩིས་ནས་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལས་དོན་གྱི་ཞིབ་ཕྲའི་འགན་འཁུར་རྒྱུའི་གཏན་འབེབས་བྱས་ཤིང་། དུས་ཐེངས་དང་པོའི་འཛུགས་སྐྲུན་ལས་གྲྭ་2024ལོའི་ཟླ་6པར་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་། དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལས་གྲྭ་ད་ལོ་ལེགས་སྒྲུབ་ཐུབ་རེ་ཡོད་པ་རེད།
“1+5+N”གྱི་ཚན་ཞིབ་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལྟེ་བའི་ནུས་པ་གང་ལེགས་འདོན་པ་དང་། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་གཞིའི་ཆེད་ཚན་སྨན་ཁང་སོགས་སྨན་བཅོས་སྒྲིག་གཞི་དང་ཚན་ཞིབ་ཁང་དང་སུའོ་ཁག་ཞིབ་འཇུག་མ་ལག་ནང་འཇུག་པ། རྨང་གཞིའི་ཞིབ་འཇུག་དང་། ནད་ཐོག་ཞིབ་འཇུག ཀྲུང(བོད)ལུགས་སྨན་རྫས་ཞིབ་འཇུག ས་མཐོའི་འགོས་ནད་ཚབས་ཆེན་དང་ཡུལ་ནད་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་རིག་ཚན་མང་པོའི་ཕྱོགས་བསྡུས་ཞིབ་འཇུག་ལས་སྟེགས་སྐྲུན་པ་བཅས་བྱས་ནས་ས་མཐོའི་གསོ་རིག་གི་ཞིབ་འཇུག་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།
ཀྲུང་གོ་གསོ་རིག་ཚན་རིག་ཁང་དང་། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་། ཀྲུང་གོ་སྔོན་འགོག་གསོ་རིག་ཚན་རིག་ཁང་བཅས་དང་མཉམ་ལས་མཉམ་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཡོན་ཧྲི་ཝུའུ་ཐེན་དབྱི་སོགས་རིག་ཚན་སྣེ་ཁྲིད་པའི་ནུས་པ་གཙོ་བོ་གང་ལེགས་བཏོན་ཏེ། ས་མཐོའི་ནད་དང་། གློ་སྙིང་བསྡོངས་པའི་ནད། ཐུམ་འབུའི་ནད་སོགས་ནད་རིགས་ཀྱི་རྨང་གཞི་དང་ནད་ཐོག་ཚན་རིག་གི་གནད་དོན་ལ་དམ་པོར་དམིགས་པ་དང་། གཙོ་གནད་ཞིབ་འཇུག་ཁ་ཕྱོགས་ལ་གཞིགས་ནས་ཆུ་ཚད་མཐོ་བའི་ཕྱོགས་མང་ཞིབ་འཇུག་བྱས་ཡོད།
ས་མཐོའི་གསོ་རིག་གི་རྨང་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་བྱེད་ཟབ་ཏུ་བཏང་ནས་དབྱང་ཉུང་ལུས་ཁམས་དང་ས་མཐོའི་ས་ཆུ་འཕྲོད་མཐུན་གྱི་འགག་རྩའི་ལག་རྩལ་ལ་འགག་སྒྲོལ་བྱས་ཡོད། གློ་བའི་འཕར་རྩའི་མཐོ་གནོན་དང་། ཀླད་སྙིང་ཁྲག་རྩའི་ནད། གཉིད་མི་ཁུག་པ་སོགས་ཀྱི་ས་མཐོའི་ནད་རིགས་ལ་གཞིགས་ནས“སྔོན་འགོག་་དང་། བརྟག་དཔྱད། སྨན་བཅོས། ཁམས་གསོ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཐག་གཅོད་ཇུས་གཞི་བཟོས་ཡོད། “ཁོར་ཡུག་དང་། སྐྱེ་ཁམས། བདེ་ཐང”བཅས་ཀྱི་ཐུན་མོང་འབྲེལ་བ་འཚོལ་ཞིབ་དང་ལེགས་སུ་བཏང་ནས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ་མ་ལག་བསྐྲུན་ཡོད། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་ནད་རིགས་སྔོན་འགོག་དང་ནད་བརྟག་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་ཞིབ་གྲུབ་འབྲས་གཞན་འགྱུར་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་ཀྱི་ས་མཐོའི་ནད་རིགས་གསོ་རིག་ལྟེ་གནས་བསྐྲུན་ཐུབ་པའི་བརྩོན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།