དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁྱིམ་བདག་གིས་མི་ཐབས་རིག་ནུས་ཀྱི་སློབ་སྦྱོང་འཕྲུལ་ཆས་ལ་དགའ་པོ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    འདི་ནི་ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་གྱི་ཁྱིམ་བདག་གིས་ཕྲུ་གུ་ཁྲིད་ནས་དཔེ་ཚོང་ཁང་ཞིག་ཏུ་སློབ་སྦྱོང་འཕྲུལ་ཆས་འདེམས་ཉོ་བྱེད་བཞིན་པ།

    རང་འགུལ་ངང་སྦྱོང་ཚན་དག་བཅོས་དང་འདྲི་གཞིར་འགྲེལ་བཤད་རྒྱག་ཐུབ་པའི་མི་ཐབས་རིག་ནུས་ཀྱི་སློབ་སྦྱོང་སྒྲིག་ཆས་ཀྲུང་གོར་ཉིན་རེ་བཞིན་ཁྱབ་གདལ་འགྲོ་བཞིན་ཡོད། རིན་གོང་མཐོ་ཙམ་ཡོད་ཀྱང་སློབ་གསོར་མཐོང་ཆེན་བྱེད་མཁན་ཁྱིམ་བདག་གིས་དེར་སྣང་བ་ཙམ་ཡང་གཏོང་གི་མེད།

    ཀྲུང་གོར་སྔོན་ཐོན་ལག་རྩལ་རྒྱུན་གཏན་འཚོ་བའི་ཁྲོད་མཉམ་འདྲེས་རྒྱ་ཁྱབ་ཐུབ་པ་དང་། མི་ཐབས་རིག་ནུས་ཀྱང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་ཐད་རྒྱུན་དུ་སྤྱོད་བཞིན་ཡོད།

    “དང་ཐོག་ངས་ཀྱང་མི་ཐབས་རིག་ནུས་སློབ་སྦྱོང་འཕྲུལ་ཆས་ཀྱི་རིན་གོང་ཧ་ཅང་མཐོ་པོ་འདུག་སྙམ་བྱུང་། འོན་ཀྱང་ལོ་མང་སྤྱོད་ཆོག་པ་དྲན་སྐབས་ཉོ་རིན་འདུག”ཅེས་ལེའོ་ཉིང་ཏ་ལེན་གྲོང་ཁྱེར་གྱི་ལོ་རིམ་ལྔ་པའི་བུ་མོ་ཞིག་གི་ཁྱིམ་བདག་གིས་བཤད།

    ཀྲུང་གོའི་ཁྲོམ་རའི་ཞིབ་འཇུག་སྒྲིག་གཞི་ལུའོ་ཐུའུ་ཚན་རྩལ་གྱི་གྲངས་གཞི་ལས་མངོན་པར། ན་ནིང་ཀྲུང་གོར་མི་ཐབས་རིག་ནུས་ལག་རྩལ་ལྡན་པའི་ངོས་ལེབ་རིགས་ཀྱི་སློབ་སྦྱོང་སྒྲིག་ཆས་ཁྲི་582བཙོངས་པ་དེ་ལོ་གཉིས་གོང་ལས་ཁྲི་200ཙམ་འཕར་ཡོད། སྒྲིག་གཞི་འདིས་སྔོན་དཔག་བྱས་པ་ལྟར་ན། 2028ལོར་སླེབས་སྐབས་ཕྱིར་ཚོང་བྱེད་ཚད་ཁྲི་784བར་འཕར་རྒྱུ་རེད།

    —— རི་པིན་གྱི《རི་པིན་དང་ཨེ་ཤེ་ཡའི་དཔལ་འབྱོར》དུས་དེབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།