དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧོ་ནན་ལུའོ་དབྱང་དུ་ཨ་རིའི་མཛའ་གྲོགས་མི་སྣ“སའེ་ཁའོ་སི”དེ་སྔ་དགེ་རྒན་བྱེད་སའི་སློབ་གྲྭར་ལོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    “སའེ་ཁའོ་སི”ཡི་མིང་ངོ་མར་ལུའོ་ན་ཏེ·སཱ་ཁེར་སི་ཅི་ཟེར་བ་དང་ཨ་རིའི་ཕི་ཙེ་པའོ་ཡི་རྒན་ཡོལ་ཞུས་པའི་དགེ་རྒན་ཞིག་རེད། 1999ལོར་ལུའོ་དབྱང་དུ་དགེ་རྒན་བྱེད་རིང་། ཁོང་གིས་ནང་སོག་གི་བྱེ་བཅོས་དཔའ་བོ་དབྱིན་ཡུས་ཀྲེན་གྱིས་མའོ་ཝུའུ་སུའུ་བྱེ་སར་གཞི་ཚུགས་ནས་བྱེ་བཅོས་བྱས་པའི་བྱས་རྗེས་ཤེས་རྟོགས་བྱུང་རྗེས་བྱེ་བཅོས་ནགས་བཟོ་བྱེད་པར་ཨ་སྒོར་5000ཞལ་འདེབས་བརྒྱབ་པ་མ་ཟད། 2000ལོར་ཆེད་མངགས་འཚམས་འདྲི་བྱེད་པར་བསྐྱོད་པས་ཁོང་གཉིས་དབར་མཛའ་སེམས་ཟབ་མོ་ཆགས་ཡོད། ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱི་གདན་ཞུས་ལྟར་སའེ་ཁའོ་སི་སླར་ཡང་ཀྲུང་གོར་ཡོང་ནས་དེ་སྔའི་བཞུགས་སར་འཚམས་འདྲི་བྱས་ཏེ་ལོ་26རིང་གི་རྒྱལ་སྒྲོལ་མཛའ་གྲོགས་ཀྱི་རྒྱུན་མུ་མཐུད་བསྐྱངས་པ་རེད། འདི་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་ཨ་རིའི་མཛའ་གྲོགས་མི་སྣ“སའེ་ཁའོ་སི”དང“བྱེ་བཅོས་དཔའ་བོ”དབྱིན་ཡུས་ཀྲེན་དང་མཉམ་དུ་ལུའོ་དབྱང་གྲོང་ཁྱེར་གྱི་ཕྱི་སྐད་དམའ་རིམ་སློབ་འབྲིང་དུ་ལོག་ནས་དེ་སྔའི་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།