འཕྲལ་སྡོམ་དོ་དམ་པུའི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་ལག་རྩལ་ཆེ་མོ་བ་ཧུའུ་པིན།
“ཚན་རིག་དང་མཐུན་པའི་རོགས་སྐྱོབ་ཆེད་དུས་ཚོད་དེ་བས་མང་བ་བརྩོན་ལེན་བྱེད་དགོས”
ཆུ་རུད་གནོད་འཚེ་ཐོན་རྗེས་ས་ཡུལ་དངོས་སུ་ལམ་འགག་པ་དང་། གློག་ཆད་པ། དྲ་བ་ཆད་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད། ཟླ་8ཚེས་30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་འཕྲལ་སྡོམ་དོ་དམ་པུའི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི་སྐུད་མེད་འཕྲིན་གཏོང་དང་སྒུལ་བདེའི་བཀོལ་སྤྱོད་པུའི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཧུའུ་པིན་ཐད་འཕུར་གནམ་གྲུར་བསྡད་དེ་རོགས་སྐྱོབ་མི་སྣ་དང་མཉམ་དུ་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ས་ཁོངས་སུ་བསྐྱོད་པ་རེད།
ད་ལོ་ལོ་46ལ་སླེབས་པའི་ཧུའུ་པིན་དབུན་ཁྲོན་ས་ཡོམ་གྱི་རོགས་སྐྱོབ་སོགས་གནོད་འཚེ་སྣ་ཚོགས་ཀྱི་ཉེན་སེལ་རོགས་སྐྱོབ་ཀྱི་འཕྲིན་གཏོང་འགན་ལེན་ལས་དོན་མང་པོར་ཞུགས་མྱོང་བས། ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། “སྤྱི་པའི་དྲ་བ་སྐར་ཆ་གཅིག་ཙམ་གྱི་སྔོན་ལའང་སླར་གསོ་ཐུབ་ན་ཡང་། ཚན་རིག་དང་མཐུན་པའི་རོགས་སྐྱོབ་ཆེད་དུས་ཚོད་དེ་བས་མང་བ་བརྩོན་ལེན་བྱེད་ཐུབ་ཀྱི་རེད”ཅེས་ཧུའུ་པིན་གྱིས་བཤད།
རྒྱལ་མཚམས་ཀྱི་སྒོ་མོའི་ས་ཁོངས་སུ་འབྱོར་རྗེས་འཕྲལ་མར་ཐད་འཕུར་གནམ་གྲུ་ནས་བབས་ཏེ་འདམ་རྫབ་པུས་མོའི་མཚམས་སུ་སླེབས་རུང་སྣང་བ་སྤུ་ཙམ་མི་གཏོང་བར། ཧུའུ་པིན་གྱིས་སྒྲིག་ཆས་འཁུར་ནས་འཚོལ་ཞིབ་བྱེད་བཞིན་མདུན་སྐྱོད་བྱས། སྔོན་ལ་སྲུང་སྐར་སྦྲེལ་ཚུགས་བཙུགས་ཏེ་སླར་ཡང་སྦྲེལ་ལམ་འཛུགས་རྒྱུའི་ཚོད་ལྟ་བྱས་མོད། འོན་ཀྱང་རི་མཐོ་ལ་གྲོག་རོང་ཟབ་པའི་རྐྱེན་གྱིས་གནས་ཕྱོགས་8བསྟུད་མར་བརྗེས་ཀྱང་དམིགས་ཚད་སྲུང་སྐར་སྦྲེལ་མཐུད་ཐུབ་མེད་པ་རེད།
ཧུའུ་པིན་གྱིས་གནོད་འཚེ་ཕོག་ཁུལ་གྱི་ལྟེ་བའི་ཁུལ་གྱི་མཐའ་འཁོར་དུ་གསར་དུ་བཙུཌ་པའི་སྦྲེལ་ཚུགས་ཀྱི་བརྡ་རྟགས་འཚོལ་ཐུབ་ཀྱི་ཡོད་མོད། འོན་ཀྱང་ད་ཆ་བརྡ་རྟགས་བརྟན་པོ་མེད་པ་རེད། ཁོང་གིས་སྲུང་སྐར་ཁ་པར་བརྒྱུད་ནས་རྒྱབ་ཕྱོཌ་དང་འབྲེལ་གཏུག་བྱས་པ་མ་ཟད། ཐོན་ཁུངས་མཐུན་སྦྱོར་བྱེད་དགོས་པའི་རེ་བ་བཏོན་པ་རེད། བརྡ་ཐོ་འབྱོར་རྗེས། འཕྲིན་གཏོང་གཉེར་སྐྱོང་ཚོང་པས་མཐའ་འཁོར་གྱི་སྦྲེལ་ཚུགས་ཀྱི་དཔྱད་གྲངས་བཀོད་སྒྲིག་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ས་ཡུལ་དངོས་ཀྱི་དྲ་བའི་བརྡ་རྟཌ་ཁྱབ་ནུས་ཆེ་ཏུ་བཏང་ཡོད། ཧུའུ་པིན་གྱིས་ཁ་པར་བཟུང་ནས། འདམ་རྫབ་ཁྲོད་དུ་བསྟུད་མར་གནས་ཕྱོགས་མང་པོ་བརྗེས་ནས་བརྡ་རྟགས་ཚད་ལེན་ཚོད་ལྟ་སོགས་བྱས་ཡོད།
ཕྱི་དྲོ་གཅིག་ཏག་ཏག་འབད་བརྩོན་བྱས་པ་བརྒྱུད“བརྡ་རྟགས་མཐུད་ཐུབ་སོང་། བརྡ་རྟཌ་མཐུད་ཐུབ་སོང་། ཐོས་ཀྱི་འདུག་གམ”ཞེས་ཟླ་8ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་6ཙམ་ལ་ས་ཡུལ་དངོས་ཀྱི་སྤྱི་པའི་དྲ་རྒྱའི་བརྡ་རྟཌ་ལེགས་སུ་ཕྱིན་ནས་ཧུའུ་པིན་དང་རྒྱབ་ཕྱོཌ་དབར་བརྙན་ལམ་ཐོག་ནས་སྐད་ཆ་ཤོད་ཐུབ་ཡོད།
ཉིན་དེའི་དགོང་མོའི་ཆུ་ཚོད་11དང་སྐར་མ་50ཡི་ཐོག་ཉིན་དེའི་གྲངས་གཞི་ཚང་མ་ཞིབ་དཔྱད་ཟིན་རྗེས་ཧུའུ་པིན་རྒྱལ་མཚམས་སྒོ་མོའི་ས་ཁོངས་ཀྱི་གུར་ནང་ལོག་པ་དང་། “ལས་ཀ་ད་དུང་ཚར་མེད། སླད་ཕྱིན་ད་དུང་འཕྲིན་གཏོང་བརྡ་རྟགས་དེ་བས་བརྟན་དུ་བཏང་ནས་ཉེན་སེལ་རོགས་སྐྱོབ་ལ་འགན་ལེན་བརྟན་པོ་བྱེད་དགོས”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།