ཟླ་དང་པོ་ནས་བདུན་པའི་བར་མཉེན་ཆས་ལས་སྒོའི་ཡོང་འབབ་དུས་མཚུངས་ལས་9.2%འཕར་བ།
གསར་འགོད་པར་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད། དེའི་ནང་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་89785ཟིན་པ་དེ་དུས་མཚུངས་ལས་9.2%འཕར་བ་དང་། མཉེན་ཆས་ལས་སྒོའི་ཕྱིར་གཏོང་ཡོང་འབབ་ཨ་སྒོར་དུང་ཕྱུར་406.1ཟིན་པ་དེ་དུས་མཚུངས་ལས་12.2%འཕར་ཡོད་པ་རེད།
ཁྱབ་ཁོངས་དབྱེ་ནས་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་དུས་མཚུངས་ལས་6.3%འཕར་བ་དེའི་ནང་རྨང་གཞིའི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་དུས་མཚུངས་ལས་9.4%འཕར་བ་དང་། བཟོ་ལས་ཀྱི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་དུས་མཚུངས་ལས་8.4%འཕར་བ། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་དུས་མཚུངས་ལས་10%འཕར་ཞིང་། དེའི་ནང་སྤྲིན་རྩིས་དང་གྲངས་གཞི་ཆེ་མོའི་ཞབས་ཞུའི་ཡོང་འབབ་དུས་མཚུངས་ལས་12.3%འཕར་བ་དང་། འདུས་གྲུབ་གློག་ལམ་འཆར་འགོད་ཡོང་འབབ་དུས་མཚུངས་ལས་21.5%འཕར་བ། ཆ་འཕྲིན་བདེ་འཇགས་ཐོན་རྫས་དང་ཞབས་ཞུའི་ཡོང་འབབ་དུས་མཚུངས་ལས་6.2%འཕར་བ་བཅས་རེད།
འབྲེལ་ཡོད་གསར་འགྱུར།