ཟླ་དང་པོ་ནས་བདུན་པ་བར་རྒྱལ་ཁོངས་ཕྱིའི་མི་སྣས་ཀྲུང་གོར་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་27.8%འཕར་བ།
ཉེ་ཆར། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བདུན་པ་བར། རྒྱལ་ཁོངས་ཕྱིའི་མི་སྣས་ཀྲུང་གོར་འཛད་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་2636ཟིན་པ་དེ་དུས་མཚུངས་ལས་27.8%འཕར་བ་དང་། ཁོངས་གྲོལ་ཁྲལ་སློག་གི་འགྲོ་ལུགས་གཉེར་མཁན་རྒྱལ་ཁོངས་ཕྱིའི་འགྲུལ་པའི་གྲངས་འབོར་དུས་མཚུངས་ལས་ལྡབ་3ཡན་འཕར་ཡོད།
རྒྱལ་ནང་དུ་དར་སོ་ཆེ་བའི་སྤུས་རྟགས་དར་ཁྱབ་བྱུང་ནས་འཛད་སྤྱོད་གདམ་ག་དེ་བས་མང་དུ་ཕྱིན་ཞིང་། རྒྱལ་ནང་དུ་དར་སོ་ཆེ་བའི་སྤུས་རྟགས་དང་རིག་ནུས་ཐོན་རྫས་དེ་བས་མང་པོར་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དཔེར་ན། “ཧྲང་ཧའེ་ཡི་མངཌ་བཟོ”ཞེས་པས་འཛད་སྤྱོད་པའི་རང་གཤིས་ཅན་གྱི་དགོས་མཁོ་སྐོང་བའི་ཐོན་རྫས་ཇུས་འགོད་དང་བཟོ་སྐྲུན་བྱ་རྒྱུ་གཙོ་བོར་འཛིན་པའི་གྲས་སུ་གྱོན་ཆས་དང་། རྒྱན་ཆ། མིག་ཤེལ་སོགས་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཉུང་བས་ཆེད་མངགས་མངགས་བཟོ་བྱེད་པར་ཡོང་བ་དེས་འཛད་སྤྱོད་བསྡོམས་འབོར་གྱི་50%ལྷག་ཙམ་བཟུང་ཡོད། ལྟེབ་རྩེག་རྒྱག་པའི་ལག་ཐོགས་ཁ་པར་དང་། AI(མིས་བཟོས་རིག་ནུས)མིག་ཤེལ། རིག་ནུས་ལག་གདུབ་སོགས་ཐོན་རྫས་རིགས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་འདེམས་ཉོ་བྱེད་མང་བའི་དངོས་རྫས་སུ་གྱུར་ཡོད།
ཞབས་ཞུ་རྒྱུན་མཐུད་རིམ་སྤོར་དང་འཛད་སྤྱོད་བྱེད་རྣམ་སྔར་བས་ལེགས་སུ་ཕྱིན་ཞིང་། ན་ནིང་ཚུན་དུ་ཚོང་དོན་པུས་ནོར་སྲིད་པུའུ་དང་མཉམ་དུ་རྒྱལ་སྤྱི་ཅན་གྱི་འཛད་སྤྱོད་ཁོར་ཡུག་འཛུགས་སྐྱོང་ལས་དོན་སྤེལ་ཏེ། ཚོད་ལྟའི་གྲོང་ཁྱེར་15ཡིས་སྤུས་ཚད་མཐོ་བའི་འཛད་སྤྱོད་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཀོང་ཏུང་ཧྲེན་ཀྲེན་གྱིས་རྒྱལ་སྤྱིའི་འཛད་སྤྱོད་ཀྱི་གནས་རྟགས་གསར་པ་ཁག་གཅིག་བཏོད་དེ། སྐད་རིགས་མང་པོའི་མཚོན་རྟགས་འཐུས་སྒོ་ཚང་དུ་དང་གཏོང་སྤྲོད་ཞབས་ཞུ་ལེགས་སུ་བཏང་ཡོད།
ཁོངས་གྲོལ་ཁྲལ་སློག་གི་ཕན་འབྲས་ཆེ་རུ་དང་འཛད་སྤྱོད་ཉམས་ལེན་དེ་བས་ལེགས་སུ་ཕྱིན་ཞིང་། ཟླ་7ཚེས་1ཉིན་ཁོངས་གྲོལ་ཁྲལ་སློག་གི་དཔར་མ་2.0གྱི་སྲིད་ཇུས་ནང་གི་གྲངས་ཉུང་འཐེན་བཤེར་ལམ་ལུགས་དང་ཤོག་མེད་ཅན་གྱི་སྒྲུབ་གཉེར་ལས་དོན་དོན་འཁྱོལ་བྱུང་སྟེ། མངའ་ཁོངས་ཕྱིའི་འགྲུལ་པས་ཁྲལ་སློག་འགྲོ་ལུགས་གཉེར་སྐབས་དེ་བས་སྟབས་བདེ་རུ་དང་འགག་སྒྲོལ་བྱེད་སྟབས་དེ་བས་བདེ་རུ་ཕྱིན་ཡོད། ས་གནས་ཁག་གིས་ད་དུང་ལས་ཀ་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཤིང་། པེ་ཅིང་གི་དྲ་ཐོག་ཁོངས་གྲོལ་ཁྲལ་སློག་ཚོང་ཁང་ཐོག་མ་བཙུགས་པ་དང་ཆབས་ཅིག་ཀོང་ཏུང་ཀོང་ཀྲོའུ་དང་། ཁྲུང་ཆིང་། སི་ཁྲོན་ཁྲེང་ཏུའུ་སོགས་སུའང“འཕྲལ་ཉོ་འཕྲལ་སློག”གི་གཅིག་སྡུད་ཁྲལ་སློག་ས་ཚིགས་ཁག་གཅིག་ཀྱང་བཙུཌ་ཡོད།
འབྲེལ་ཡོད་གསར་འགྱུར།