དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    ཉེ་ཆར། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་9པར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་25ཡིས་ཐུན་མོང་ཐོག་2020ལོའི་རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”བྱེད་སྒོ་ནི་1978ལོ་ནས་བཟུང་རྒྱུན་མཐུད་སྤེལ་བའི་མང་ཚོགས་རང་བཞིན་གྱི་སྤུས་ཚད་བྱེད་སྒོ་གལ་ཆེན་ཞིག་རེད།

    ད་ལོའི་རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”བྱེད་སྒོར“སྤུས་ཚད་དང་ལག་རྩལ་གྱི་རྨང་གཞིའི་ནུས་པ་ཆེ་རུ་བཏང་ནས་སྤུས་ཚད་དང་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དེའི་དམིགས་ཡུལ་ནི《སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩ་གནད》ནང་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ།སྤུས་ཚད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བའི་ཁྲོད་སྤུས་ཚད་ཀྱི་ནུས་པ་གལ་ཆེན་འདོན་རྒྱུ་དེ་རེད།

    རྒྱལ་ཡོངས་ཀྱི“སྤུས་ཚད་ཟླ་བའི”རིང་། འབྲེལ་ཡོད་སྡེ་ཚན་དང་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་ཀྱིས“མིག་མཐོང་ལག་ཟིན་ཐུབ་པའི་སྤུས་ཚད”ཀྱི་སྤུས་ཚད་སྒོ་དབྱེའི་ཉིན་མོ་དང་། སྤུས་ཚད་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། སྤུས་ཚད་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི་རིགས་གཅིག་མཁས་ཅན་གྱི་བྱ་སྤྱོད། ཀྲུང་གོའི་འཛད་ཟོག་གྲགས་ཅན་བཅས་ཀྱི“བརྒྱ་བྱས་པ་བཞིའི”བརྒྱུད་སྤེལ་ཁྱབ་གདལ་སོགས་ཁྱད་ལྡན་སྤུས་ཚད་ཀྱི་ཆེད་དོན་བྱེད་སྒོ་172སྤེལ་རྒྱུ་རེད། ས་གནས་ཁག་གིས་མང་ཚོགས་དང་ཉེ་བཅར་བྱེད་པའི་སྤུས་ཚད་ཀྱི་རིག་གནས་བྱེད་སྒོ་ཁག་གཅིག་སྤེལ་བ་དང་། སྟབས་བདེ་ལ་སྤྱོད་གོ་ཆོད་པའི་སྤུས་ཚད་ལག་རྩལ་གྱི་ཐོན་ཁུངས་ཁག་གཅིག་གཤམ་སྤྲོད། དམངས་བདེ་དམངས་ཕན་གྱི་སྤུས་ཚད་བདེ་འཇགས་ཀྱི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤུས་ཚད་དང་ལག་རྩལ་གྱི་རྨང་གཞིའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། སྤུས་ཚད་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ལེགས་གོང་ཁེའི་ཁྲོམ་རའི་སྐྱེ་ཁམས་གཏོད་པ། ས་ཁོངས་ཧྲིལ་པོའི་མཐུན་སྦྱོར་མཉམ་བཅོས་ཀྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།