ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོཌ་པ་བཙུགས་པ།
ཚེས་4ཉིན་པེ་ཅིང་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་20པའི(2026ལོའི་ཨའེ་ཀྲི—མིང་ཀུའུ་ཝུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས)ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དང་འཐུས་མི་ཚོགས་པའི་ཚོགས་གཙོ་ཀའོ་ཀྲི་ཏན་གྱིས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་20པ་ནི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་ཀྱི་ད་ལོའི་མི་གྲངས་མང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ཞིག་རེད། འཐུས་མི་ཚོགས་པས་ལས་འགན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། གཟི་བརྗིད་ཚོར་སེམས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་གཉིས་ཀ་ཐོབ་པའི་འགྲན་ཞུགས་ཀྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས་ཞེས་བཤད་པ་རེད།
སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་ཟླ་9ཚེས་19ནས་ཟླ་10ཚེས་4ཉིན་བར་རི་པིན་དུ་གཉེར་རྒྱུ་ཡིན་ཞིང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ནི་མི་གྲངས་1274ལས་གྲུབ་ཅིང་། དེའི་ནང་ལུས་རྩལ་པ་815(བུད་མེད་404དང་སྐྱེས་པ་411ཡོད་པ)ཡོད་པ་དེ་དག་རྣམ་གྲངས་ཆེ་གྲས་38དང་རྣམ་གྲངས་ཆུང་གྲས་369ཡི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འཐུས་མི་ཚོགས་པའི་དྲུང་ཆེ་ཀྲང་ཤིན་གྱིས། སྐབས་གོང་མའི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་བསྡུར་ན་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་འགྲན་ཞུགས་མི་གྲངས་ཅུང་ཟད་ཆག་ཡོད། འཐུས་མི་ཚོགས་པས་མི་གྲངས་ཉུང་དུ་ཕྱིན་ནའང་སྤུས་ཚད་མཐོ་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས་ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བསྟུད་མར་ཐེངས་བཅུ་གཉིས་གཉེར་རིང་གི་གསེར་བྱང་དང་གཟེངས་བསྟོད་བྱང་བུའི་མིང་གྲལ་ཨང་དང་པོ་ཐོབ་པར་ང་ཚོར་གདེང་ཚོད་དང་ནུས་པ་ཡོད”ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།