དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་འགྲིམ་འགྲུལ་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ཀྱི་བར་ཁྱམས་9བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《ཀན་སུའུ་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ཀན་སུའུ་ཡི་འགྲིམ་འགྲུལ་གནས་བབ་དང་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འགྲིམ་འགྲུལ་དང་། རིག་གནས་ཡུལ་སྐོར། ལུས་རྩལ་བཅས་ཀྱི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད། ཇུས་གཞིའི་ནང“ས་ཁོངས་ཧྲིལ་པོ་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད། ནུས་པ་སྦྲེལ་མཐུད། ལས་རྣམ་མཉམ་འདྲེས། སྐྱེ་ཁམས་ལྗང་མདོག རིན་ཐང་མཉམ་གནས། གཞི་གཅིག་སྤྱི་འདོམས། མཐུན་སྦྱོར་མཉམ་སྐྱོད”བཅས་ཀྱི་རྩ་དོན་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ལམ་དྲའི་བཀོད་པ་དང་རང་བྱུང་དང་མི་ཆོས་རིག་གནས་ཐོན་ཁུངས་ལེགས་ཆར་དམིགས་ནས། “རི་གཅིག་བྱེ་ཐང་གཅིག་བར་ཁྱམས་གཅིག་དང་། གཙང་པོ་གཅིག་ཆུ་བོ་གཅིག་རྒྱང་སྐྱོད་ལམ་བུ་གཅིག ནགས་ཚལ་གཅིག་རྩྭ་ཐང་གཅིག་རྩ་གཞི་གཅིག”དང“འཕྲེད་བཞི་གཞུང་ལྔ”ཡི་འགྲིམ་འགྲུལ་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ཀྱི་བར་ཁྱམས་9ཡི་བཀོད་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།