དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་AIབཀོལ་སྤྱོད་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-07

    ཚེས་2ཉིན་གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“དྭངས་གསལ། AIབཀོལ་སྤྱོད་ཀྱི་ཟང་ཟིང་རྣམ་པ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་གཉིས་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། AI(མི་ཐབས་རིག་ནུས)བཟོ་སྟངས་སྤྱད་དེ་ཆ་འཕྲིན་རྫུན་མ་སྤེལ་བ་དང་། དྲག་ཤུགས་དང་མ་རབས་ཐ་ཤལ་གྱི་ནང་དོན་སྤེལ་བ། མི་གཞན་ལ་བརྫུས་ནས་དེ་ཡིན་ཁུལ་བྱེད་པ། ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་གཙོ་གནད་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཀོད་སྒྲིག་བྱས་ཤིང་། དྲ་ཚིགས་དང་ལས་སྟེགས་ལ་AIཡིས་བཟོས་པའི་ཁྲིམས་འགལ་གྱི་ཆ་འཕྲིན་མི་ལེགས་པ་སྣ་ཚོགས་གཅིག་སྡུད་གཙང་སེལ་ལ་ལྕག་སྐུལ་བྱེད་པ་དང་། སྒྲིག་འགལ་གྱི་ཨང་རྟགས་དང་སྒུལ་བདེའི་ཉེར་སྤྱོད་བྱ་རིམ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད། AIཡིས་བཟོས་པའི་འདྲེས་གྲུབ་འཕྲིན་རྒྱུའི་ནང་དོན་གྱི་ཟང་ཟིང་སྣང་ཚུལ་བཀག་འགོག་ནུས་ལྡན་བཅས་བྱས་ནས་AIཡི་བཀོལ་སྤྱོད་ཞབས་ཞུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་རིམ་རྩིས་བརྒྱབ་ན་ཁྲིམས་འགལ་དང་སྒྲིག་འགལ་གྱི་ཆ་འཕྲིན་ཁྲི་561ལྷག་ཙམ་གཙང་སེལ་བྱས་པ་དང་། ཨང་རྟགས་ཁྲི་4.9ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ། སྒྲིག་འགལ་དྲ་ཚིགས་དང་ཉེར་སྤྱོད་བྱ་རིམ་2400ལྷག་ཙམ་ཐག་གཅོད་བྱས་ཡོད།

    ཆེད་དོན་བྱ་སྤྱོད་སྤེལ་ཚུན་ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་ཁོངས་གཏོགས་ཀྱི་ལྟ་འདོམས་འགན་འཁྲི་ཏན་ཏིག་ཁུར་ནས་ཡུལ་བབ་དང་བསྟུན་ཏེ་དམིགས་སའི་རང་བཞིན་གྱི་བཅོས་སྒྲིག་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། དྲ་ཚིགས་དང་ལས་སྟེགས་ཀྱིས་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ནས་AIཡི་ནང་དོན་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།