དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམག་ཞབས་ཐིམ་ཉེར་ཡོད་པའི་དམག་མི་22ཀྱིས་རང་འགུལ་ངང་དམག་འཐབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-07

    འདི་ནི་འཐབ་འཛིང་པ་ཚོས་ཆར་པར་མ་འཛེམས་པར་གེགས་ཁུལ་དུ་འཚོལ་སྐྱོབ་བྱེད་བཞིན་པ།

    ཟླ་8ཚེས་26ཉིན་གློ་བུར་དུ་ཐོན་པའི་ཆུ་རུད་ཀྱི་གནོད་འཚེས་སྐྱིད་གྲོང་འགག་སྒོར་གཏོར་སྐྱོན་ཚབས་ཆེན་བཏང་ཡོད། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་མགྱོགས་མྱུར་དམག་ཤུགས་སྒྲིག་འཛུགས་བྱས་ནས་རྒྱལ་ལམ་216གི་འཐབ་ཕྱོགས་དང་པོར་བསྐྱོད་དེ་འདམ་རྫབ་བཤངས་ནས་འཚོལ་སྐྱོབ་ལས་དོན་སྤེལ་བ་རེད།

    ཉེན་སེལ་རོགས་སྐྱོབ་དཔུང་ཁག་ཁྲོད་དུ་དམིགས་བསལ་གྱི་གཟུགས་བརྙན་ཞིག་ཡོད་པ་ནི་ཟླ་9པའི་ཟླ་སྟོད་དུ་དམག་ཞབས་ཐིམ་ཉེར་ཡོད་པའི་དམག་མི་22དེ་དག་རེད། འོན་ཀྱང་གེགས་སེལ་ལས་འགན་འབྱོར་མ་ཐག་ཁོང་ཚོས་རང་འགུལ་ངང་ཏང་ཀྲི་པུའུ་ལ་དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག་ཕུལ་བ་རེད།

    ཝེ་ཞའོ་ལེང་ནི་ཕ་ཡུལ་ལེའོ་ཉིང་ཧྲེན་དབྱང་ནས་ཡིན་ཞིང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་མི་མེད་གནམ་གྲུའི་བཀོལ་སྤྱོད་པ་ཡིན་པ་དང་དམག་དཔུང་ནང་ཞུགས་ནས་ལོ་5འགྲོ་ཡི་ཡོད། དམག་ཞབས་ཐིམ་པར་ཉིན་ཁ་ཤས་ལས་མེད་ནའང་ཁོང་གིས་རང་འགུལ་ངང་སྔོན་སྐྱོད་ཡན་ལག་རུ་ཁག་ནང་ཞུགས་ནས་འགག་རྩའི་གནོད་འཚེའི་གནས་ཚུལ་མྱུལ་ཞིབ་བྱེད་པའི་ལས་འགན་འཁུར་ཡོད།

    རི་ནས་རྡོ་ཧྲུག་ལྷུང་བ་དང་དམག་ཆས་འདམ་རྫབ་ཀྱིས་འཚོས་ཤིང་། སྦར་མཐིལ་ལ་རྨ་ཁ་མང་པོ་བཟོས་ཡོད། ཁོང་ཚོས་རྐང་ཐང་མར་སྤྱི་ལེ་10ལྷག་ཙམ་བསྐྱོད་དེ་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་དང་། འདམ་རྫབ་ཕུང་གསོག་ཐེབས་པ། ཉེན་ཁའི་གནས་ཚུལ་ཐོན་ས་སོགས་ཀྱི་བརྙན་པར་དཔྱད་གཞི་ཐོག་མ་བདེ་བླག་ངང་བླངས་ནས་བཀོད་འདོམས་པུའི་གནོད་འཚེའི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱ་རྒྱུར་འགག་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    དཔུང་སྡེས་ཆར་པར་མ་འཛེམས་པར་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་200ཙམ་གྱི་གེགས་ཁུལ་དུ་བསྐྱོད་དེ་མདུན་ཕྱོགས་ཀྱི་འཚོལ་སྐྱོབ་དང་རྒྱབ་ཕྱོགས་ཀྱི་དངོས་ཟོག་བརྒྱུད་འདྲེན་གྱི་ལས་འགན་འཁུར་ཡོད།

    ཟླ་9ཚེས་2ཉིན་གྱི་ཆུ་ཚོད་10པ་ཙམ་བར་སྐྱིད་གྲོང་འགག་སྒོའི་སྐམ་ལམ་རོགས་སྐྱོབ་བགྲོད་ལམ་སྤྱིར་ན་ཤར་གཏོང་ཐུབ་ཡོད། རོགས་སྐྱོབ་མི་སྣ་དང་། དངོས་ཟོག སྒྲིག་ཆས་བཅས་སྐམ་སའི་ལམ་བུ་བརྒྱུད་ནས་ལྟེ་བའི་ཁུལ་དུ་སླེབས་ཡོད།

    ཁོང་ཚོ་དམག་ཞབས་ཐིམ་སྟེ་མི་རིང་བར་གངས་ལྗོངས་ས་མཐོ་ནས་ཁ་བྲལ་ལ་ཉེ་ཡང་། ཉིན་གཅིག་དམག་མི་བྱས་ཚེ་འབད་འཐབ་ཆུ་ཚོད་24བྱེད་ཀྱི་ཡོད། དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག་རེ་རེ་ནི་དམག་ཞབས་ཐིམ་ལ་ཉེ་བའི་དམག་མི་རྙིང་པ་མི་རེ་ངོ་རེས་དམག་དཔུང་གི་འཚོ་བའི་ནང་གི་མཐའ་མའི་གདོང་མཆོང་དེ་ཡིན་ལ་ཆེས་སྐད་མདངས་གསལ་ཤོས་ཀྱི་ལན་བཏབ་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།