དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚེ་རིང་བསམ་གྲུབ་ལ་སློབ་ཚུད་བརྡ་ཐོ་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-07

    ཟླ་8ཚེས་29ཉིན། སྦྲག་པ་བསོད་ནམས་རྡོ་རྗེ་ཆེད་མངགས་སྐྱིད་གྲོང་རྫོང་ས་ལེ་ཤང་ཁ་སྤང་གྲོང་ཚོར་བསྐྱོད་དེ་སློབ་ཆེན་དུ་ཚུད་པའི་བརྡ་ཐོ་དེ་ཚེ་རིང་བསམ་གྲུབ་ལ་སྤྲད་པ་རེད། དེ་ལས་ཚེ་རིང་བསམ་གྲུབ་ཉིན་ཤས་ཀྱི་སེམས་ཁྲལ་རྦད་དེ་བསལ་ཡོད།

    རྒྱུན་དུ་སྐྱིད་གྲོང་རྫོང་ནས་ཚེ་རིང་བསམ་གྲུབ་ཀྱི་ཁྱིམ་བར་རི་ལམ་བརྒྱུད་དེ་ཆུ་ཚོད་4ཙམ་སྐྱོད་དགོས་པ་དང་། ཟླ་8ཚེས་26ཉིན་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པས། ས་ལེ་ཤང་གི་འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ་མ་ཟད། གློག་དང་འཕྲིན་གཏོང་ཡང་ཆད་ཡོད། ཁ་སྤང་གྲོང་ཚོ་གནོད་འཚེ་ཕོག་ཁུལ་གཙོ་བོ་མིན་རུང་། འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པས་ཡུལ་མི་རྣམས་ལ་འགྲོ་སྐྱོད་ཁག་པོ་བཟོས་ཡོད་པ་རེད།

    ཚེ་རིང་བསམ་གྲུབ་ཀྱིས། “གནོད་འཚེ་ཕོག་པ་ལས་འགྲིམ་འགྲུལ་འགག་སྟབས། ང་རང་གི་སློབ་ཚུད་བརྡ་ཐོ་དུས་ཐོག་ཏུ་འབྱོར་ཐུབ་ཀྱི་མ་རེད་བསམས་ནས་སེམས་ཁྲལ་ཆེན་པོ་བྱུང”ཞེས་བཤད།

    ཚེ་རིང་བསམ་གྲུབ་ལས་སྦྲག་པ་དེ་བས་སེམས་ཁྲལ་ཆེ་བ་བྱུང་ཡོད། གནོད་འཚེ་ཐོན་རྗེས་ཀྲུང་གོ་སྦྲག་སྲིད་གཞིས་རྩེ་གྲོང་ཁྱེར་ཡན་ལག་ཀུང་སིས་གེགས་ཁུལ་གྱི་མཐོ་རྒྱུགས་སློབ་ཚུད་བརྡ་ཐོ་འཕྲལ་མར་སྐྱེལ་རྒྱུ་དེ་ལས་འགན་གཙོ་བོར་བཞག་ནས“བརྡ་ཐོ་མི་བརླགས་པ་དང་། དུས་ཐོག་ཏུ་སྐྱེལ་བ། ཞུ་གཏུག་མི་འབྱོར་བ”བཅས་བྱེད་ཐུབ་པ་བྱས་ཡོད། སྐྱིད་གྲོང་ཡན་ལག་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་སྟོབས་ལྡན་གྱིས། “གནོད་འཚེའི་ཉེན་ཁ་ཇི་ལྟར་ཆེ་བ་དང་ལམ་ཇི་འདྲ་སྡུག་ནའང་ཁོང་ཚོའི་སློབ་ཚུད་བརྡ་ཐོ་དུས་ཐོག་ཏུ་སྐྱེལ་ཐུབ་པ་བྱས་པ་ཡིན”ཞེས་བཤད།

    སྦྲག་སྲིད་རླངས་འཁོར་ལྗང་ནག་དེ་སྔར་བཞིན་ཉིན་ལྟར་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་རི་ལམ་དུ་སྐྱོད་བཞིན་ཡོད། ཆེས་དཀའ་ཚེགས་ཆེ་བའི་དུས་སུ་དྲོ་སྐྱིད་དང་ཁས་ལེན་དེ་གཏན་ནས་ཆད་མྱོང་མེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།