དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་དུ་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་172སླེབས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-06

    ཟླ་9ཚེས་2ཉིན་གྱི་ཆུ་ཚོད་16བར་རང་བྱུང་ཐོན་ཁུངས་དང་། ཆུ་བེད། གནམ་གཤིས། འཕྲལ་སྡོམ་དོ་དམ། དེ་བཞིན་ཀྲུང་གོ་ཚན་རིག་ཁང་སོགས་སྡེ་ཚན་དང་ཚན་པའི་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་172ཀྱིས་རོགས་སྐྱོབ་ཉེན་སེལ་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྣ་ཚོགས་150ཁྱེར་ནས་ས་ཡུལ་དངོས་སུ་རྒྱུན་མཐུད་ལས་དོན་སྤེལ་ཏེ། འཐབ་ས་དང་པོའི་རོགས་སྐྱོབ་བྱ་སྤྱོད་ལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

    ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ས་གཤིས་གནོད་འཚེ་འགོག་བཅོས་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཧོང་ཧའེ་ཡིས།

    གཅིག་ནས་འདི་གར་ད་དུང་ཉེན་ཁ་ཆེན་པོ་གང་དག་ཡོད་མེད་ལ་ལྟ་བ་དང་། གཉིས་ནས་སྐབས་དེ་དུས་གནོད་འཚེའི་ཆེ་ཆུང་ཇི་འདྲ་ཞིག་བྱུང་ཡོད་མེད་ས་ཡུལ་དངོས་སུ་ལྟ་བར་ཡོང་བ་ཡིན། དེས་ཕྱིན་ཆད་བོད་ཀྱི་འགག་སྒོ་གཞན་དག་གི་ཉེན་ཁར་དོགས་ཟོན་བྱེད་པའི་ཐད་ང་ཚོར་གཞི་འཛིན་ས་ཡོད་ཅེས་བཤད། 

    སི་ཁྲོན་སློབ་ཆེན་གེགས་རྗེས་བསྐྱར་སྐྲུན་དང་དོ་དམ་སློབ་གླིང་གི་ཡོན་ཀྲང་ཏི་པའོ་ཧྥུང་གིས། 

    དུས་ཐུང་ནང་། ས་ཁོངས་འདིར་ཞོར་ཐོན་གནོད་འཚེའི་ཉེན་ཁ་སྔར་བཞིན་ཡོད་ལ་ལྷག་པར་དུ་དྲག་ཆར་འབབ་སྐབས་ཆུ་རུད་ཀྱི་གནོད་འཚེ་སླར་ཡང་ཐོན་སྲིད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གཤིས་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་10བཏང་ནས་ཉེན་སེལ་རོགས་སྐྱོབ་ཀྱི་དགོས་མཁོར་དམིགས་ཏེ། རང་འགུལ་གནམ་གཤིས་ས་ཚིགས་10དང་Xརླབས་དུམ་གྱི་གནམ་གཤིས་རེག་བརྡ་བསྒར་ནས་འགག་སྒོ་དང་དེ་བཞིན་འབྲེལ་ཡོད་འབབ་རྒྱུད་ཀྱི་སྤྱི་ལེ་75ཡི་ས་ཁོངས་སུ་གཏད་རྒྱུག་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ཚོགས་ཆུང་11གི་ལག་རྩལ་མི་སྣ་101བཏང་ནས་འཕྲལ་སྡོམ་རོགས་སྐྱོབ་བགྲོད་ལམ་དང་ཆུ་རུད་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁོངས་སུ་གཙོ་གནད་དུ་ཆེད་དོན་གྲལ་བཤེར་དང་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བ་དང་འབྲེལ་ཤུགས་རྐྱེན་ཐེབས་པའི་ས་ཁོངས་སུ་དཀྱུས་ཞེང་དཔངས་གསུམ་གྱི་པར་བརྒྱབ་པ་རེད། ཆུ་བེད་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་དང་ལས་དོན་མི་སྣ་28བཏང་ནས་ཆུ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། འཕྲལ་སྡོམ་དོ་དམ་པུས་རིགས་གཅིག་མཁས་ཅན་དང་ལག་རྩལ་མི་སྣ་33བཏང་ནས་དེ་སྔའི་འཁྱིལ་མཚོ་དང་རགས་ངོས་དང་། ལང་ཐང་འཁྱགས་རོམ་ཁྱུ་ཚོགས། རོགས་སྐྱོབ་བྱ་ཡུལ་གྱི་ཉེན་ཁ་ཆེ་བའི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཐོན་ཁུལ་བཅས་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།