མི་མང་པོས་སྐྱིད་གྲོང་ལ་ཞལ་འདེབས་བརྒྱབ་འདུག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》ཀྱི་ས་བཅད་དགུ་པའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཞལ་འདེབས་མ་དངུལ་དོ་དམ་ཚད་ལྡན་དང་། ཡོངས་བསྒྲགས་ཁ་གསལ། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱ་ཆེད། ད་ལྟ་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་2026ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་11:00ནས་2026ལོའི་ཟླ་9ཚེས་4ཉིན་གྱི་ཆུ་ཚོད་23:59བར་ལ་སྤྱི་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་མ་དངུལ་ཡོངས་བསྒྲགས་བྱས་པ་གཤམ་གསལ།

རྩ་གཉིས་ཨང་རྟགས་འདི་བཤེར་ན་ཞལ་འདེབས་མ་དངུལ་ལ་ལྟ་ཐུབ།
ཟུར་མཆན།
1.ད་ཐེངས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ནི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ལ་བརྒྱབ་པའི(ཁག་དང་པོའི)ཞལ་འདེབས་མ་དངུལ་གྱི་ཆ་འཕྲིན་ཡིན་པ་དང་། ཐབས་ལམ་གཞན་དག་ནས་བརྒྱབ་པའི་ཞལ་འདེབས་ཀྱི་ཆ་འཕྲིན་ད་ཐེངས་ཡོངས་བསྒྲགས་བྱས་མེད།
2.ཞལ་འདེབས་རྒྱག་མཁན་གྱི་བྱེད་པོའི་ཆ་འཕྲིན་ཞིབ་དཔྱད་བྱེད་ཐབས་བྲལ་རིགས་ད་ཐེངས་ཀྱི་ཡོངས་བསྒྲགས་ཁྱབ་ཁོངས་སུ་གནས་སྐབས་བཅུག་མེད་པས། ཞལ་འདེབས་རྒྱག་མཁན་གྱི་ཆ་འཕྲིན་ལ་ཞིབ་དཔྱད་གསལ་པོ་བྱས་རྗེས་ཁག་གཉིས་པའི་ཡོངས་བསྒྲགས་ཀྱི་གསལ་ཐོར་བཅུག་ནས་ཡོངས་བསྒྲགས་བྱེད་རྒྱུ་ཡིན། ཁྱེད་ཀྱིས་གེགས་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མུ་མཐུད་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ནས།
2026ལོའི་ཟླ་9ཚེས་6ཉིན།
འབྲེལ་ཡོད་གསར་འགྱུར།