གནས་ཚུལ་འདི་འདྲའི་འོག་ལ་ང་ཚོས་ཉེན་གཡོལ་གང་འདྲ་བྱེད་དགོས་སམ།
ཟླ་8ཚེས་26ཉིན། བོད་ལྗོངས་སྐྱིད་གྲོང་འགག་སྒོར་ཆུ་རུད་ཀྱི་གནོད་འཚེ་ཐོན་ཞིང་། གནོད་འཚེ་ཐོན་འགོ་ནི་ནེ་པ་ལའི་ཕྱོགས་སུ་ཡོད་པའི་རི་མཐོན་པོའི་འཁྱགས་རོམ་བརྡིབས་པ་ལས་དྲག་ལ་མྱུར་བའི་རྡེའུ་ཧྲུག་ཆུ་རུད་ཐོན་ནས་ས་རྡོ་འབོར་ཆེན་འཁྲིལ་བ་དང་སྦྲགས། གྲོག་རོང་དུ་གནས་པའི་འགག་སྒོ་བསྣུབས་ནས་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་བཟོས་པ་ཞིག་རེད།

ད་ཐེངས་ཀྱི་ཆུ་རུད་ཚབས་ལྕི་པོ་འདི་འདྲ་ཡོད་དོན་གང་ཡིན།
ཆུ་རུད་ནི་སྤྱིར་བཏང་གི་ཆུ་ལོག་མིན་པར། ཆུ་དང་། བྱེ་འདམ། བྲག་རྡོ་སོགས་རྫར་རྫོར་སྣ་ཚོགས་འདྲེས་པའི་འདམ་སྙིགས་ལྟ་བུ་ཞིག་ཡིན་ཞིང་། དེའི་ཤུགས་དྲག་ནི་སྤྱིར་བཏང་གི་ཆུ་ལོག་ལས་ལྡབ་ཁ་ཤས་ཀྱིས་ཆེ་བས་འཁྱུག་ཙམ་ཞིག་ལ་ཁང་པར་གཏོར་སྐྱོན་དང་འགྲོ་ལམ་བསྣུབས་ཀྱི་ཡོད།


ས་བབ་འདི་དག་ཁུལ་དུ་དོགས་ཟོན་ཆེན་པོ་བྱེད་དགོས།
རི་ཁུལ་ཚང་མར་ཆུ་རུད་ཐོན་མི་སྲིད་ཅིང་། དེའང་ཉེན་ཁ་ཅུང་ཚབས་ལྕི་བ་ནི་ས་བྱད་དམིགས་བསལ་ཅན་དུ་ཡོད་པས། ཆར་ཆུ་མང་བའི་དུས་སུ་རི་ཁུལ་དུ་འགྲོ་བ་དང་རིའི་མཐའ་འཁོར་དུ་སྡོད་པར་ཡིན་ཅིག་ཉེན་ཁ་ཆེ་བའི་ས་བྱད་དབྱེ་བ་འབྱེད་ཤེས་པ་དགོས་ཏེ།
1.གུ་དོག་ཅིང་ཕུ་ཐག་རིང་བའི་རི་སུལ་དང་གྲོག་རོང་ལུང་ཤུར།
2.རི་སུལ་གཉིས་འདྲེས་སའི་ཆུ་མདོ་དང་ཟུར་གསུམ་ཁུལ།
3.རི་ཉིལ་ཆོག་ཆོག་དང་རྡེའུ་ཧྲུག་གིས་ཁེངས་པའི་གད་པའི་འགྲམ།
4.གཞོགས་གཡས་གཡོན་གཉིས་སུ་རི་དང་ཆུ་ཡོད་པའི་གཞུང་ལམ་དང་ཆུ་ལམ་གུག་ཆ་ཆེ་ཞིང་གཏིང་རིང་བའི་ས་ཆ།
5. ཆར་པ་ཆེན་པོ་འབབ་སའི་ས་ཆ།

ཆུ་རུད་མ་ཐོན་གོང་རྟགས་མཚན་གང་དག་ཡོད་དམ།
ཆུ་རུད་ཀྱི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་ཀྱང་རྟགས་མཚན་ཅི་ཡང་མེད་པ་ཞིག་ཀྱང་མིན་ཏེ། “སྒྲ་ཉན་པ་དང་། ཆུ་རྒྱུན་ལ་ལྟ་བ། རི་ལྡེབས་ལ་ལྟ་བ”བཅས་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་དགོས།
སྲོག་ཉེན་ལས་ཐར་ཐབས་བྱེད་པའི་རྩ་དོན་འདི་དག་སེམས་ལ་ཞོག་དང་།

སྲོག་ཉེན་ལས་ཐར་ཐབས་གཙོ་བོ་ནི། ཆུ་རུད་ཐོན་ས་དང་གྲོག་རོང་གི་གཞོགས་གཉིས་ཀྱི་མཐོ་སར་མགྱོགས་པོ་བྲོས་དགོས་པ་ལས་གྲོག་རོང་སྟོད་སྨད་རྒྱུད་དུ་གཏན་ནས་བྲོས་མི་ཉན། ཤིང་སྡོང་འོག་དང་། ཟམ་པའི་འོག གྱང་གོག་གི་རྒྱབ་སོགས་ཆུ་རུད་འགོག་མི་ཐུབ་པའི་ས་ཆར་སྡོད་མི་ཉན། གང་མགྱོགས་མཐོ་ས་དང་ས་བརྟན་པོ་ཞིག་ཏུ་ཉེན་གཡོལ་བྱེད་དགོས་པ་ལས་རྒྱུ་དངོས་འཁྱེར་ཆེད་དུས་ཚོད་འགྱངས་མི་ཉན། ག་ཚོད་ཀྱིས་མགྱོགས་པ་བྲོས་དགོས་པ་ལས་འདི་འདྲ་བྱས་ན་ཐར་ཡོང་བསམ་པའི་བསམ་ཚུལ་འཆང་མི་ཉན། འབྲུབ་ཆུ་རྒྱས་དུས་ཕྱི་རོལ་དུ་འགྲོ་སྐབས་སྔོན་ནས་ས་གཤིས་ཀྱི་གནོད་འཚེའི་སྔོན་བརྡར་དོ་སྣང་བྱས་ཏེ་ཡག་ཤོས་བྱུང་ན་ཉེན་ཁ་ཆེ་བའི་རི་སུལ་ཁུལ་དུ་འགྲོ་མི་ཉན།
འབྲེལ་ཡོད་གསར་འགྱུར།