དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་ནུས་གསོག་གསར་པའི་དྲ་སྦྲེལ་གྱི་གཞི་ཁྱོན་ཆན་ཝ་ཁྲི་60.5ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་31ཉིན་བར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རིམ་རྩིས་བརྒྱབ་པ་ལྟར་ན་ཆན་ཝ་ཁྲི་60.5ཟིན་པའི་ནུས་གསོག་གསར་པའི་དྲ་སྦྲེལ་སྤྱོད་འགོ་ཚུགས་པ་དེ་དུས་མཚུངས་ལས་38.3%འཕར་བ་དང་། ཞིང་ཆེན་ཡོངས་ཀྱི་ནུས་གསོག་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་421.45ཟིན་ཏེ་ནུས་གསོག་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད།

    སྲིད་གཞུང་དང་ཁེ་ལས་ཀྱི་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས་མཚོ་སྔོན་གྱིས་ནུས་གསོག་ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་རྒྱུན་མཐུད་ཚད་ལྡན་དུ་བཏང་ཞིང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་པ་དང་ཞིང་ཆེན་ནུས་རྒྱུ་ཅུས་དང་། གློག་དྲ། གློག་གཏོང་ཁེ་ལས་བཅས་མཉམ་འབྲེལ་བྱས་ཏེ་ནུས་གསོག་འཕེལ་རྒྱས་ཀྱི་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་བཀོད་པ་འཛུགས་སྐྲུན་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་དགོས་མཁོ་དངོས་དང་ཟུང་འབྲེལ་གྱིས། ནུས་གསོག་འཛུགས་སྐྲུན་གྱི་གཞི་ཁྱོན་དང་ལག་རྩལ་འཕེལ་རྒྱས་ཀྱི་ཐབས་ལམ་ཚན་རིག་དང་མཐུན་པའི་ངང་གསལ་པོ་བཟོས་ཏེ། ནུས་གསོག་ཐོན་ལས་གོ་རིམ་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་བར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད།

    ནུས་གསོག་སྙོམས་སྒྲིག་གི་རིན་ཐང་ཚད་གཞི་གང་ཐུབ་འདོན་ཆེད་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་བཀོད་གཏོང་དང་འཁོར་སྐྱོད་བྱེད་སྟངས་རྒྱུན་མཐུད་ལེགས་སུ་བཏང་ནས་གཏན་འཇགས་དུས་མཚམས་སུ་གློག་གསོག་གློག་གཏོང་གི་འཁོར་སྐྱོད་བྱེད་སྟངས་རྙིང་པ་མེད་པར་བཟོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།