དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གི་ཡིད་རྟོན་ལྟ་ཞིབ་ཚད་ལེན་དེ་ནུབ་རྒྱུད་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་ཟི་ལིང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་ཡིད་རྟོན་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པར། ཟླ་6པར་ཟི་ལིང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཡིད་རྟོན་སྟོན་གྲངས་ཆེས་ཆེར་འཕར་ནས་རྒྱལ་ཡོངས་ཀྱི་ལྟེ་བའི་ཞིང་ཆེན་དང་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་གྲོང་ཁྱེར་36གི་ནང་ཨང་11པར་སླེབས་པ་དང་ནུབ་རྒྱུད་གྲོང་ཁྱེར་12ཀྱི་ཨང་དང་པོར་སླེབས་ནས། གྲོང་ཁྱེར་གྱི་ཡིད་རྟོན་ལྟ་ཞིབ་ཚད་ལེན་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡིད་རྟོན་མ་ལག་སྤུས་ཚད་མཐོ་པོ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཡིད་རྟོན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ། ཡིད་རྟོན་གྱི་ཁེ་ཕན་ཐོན་པ་བཅས་བྱས་ཏེ་ཡིད་རྟོན་འཛུགས་སྐྱོང་ལ་བརྟེན་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས། ཟི་ལིང་གིས་རྒྱལ་ཁབ་ཀྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་དཀར་ཆག་དང་བསྡུར་བ་ཡང་ཡང་བྱས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་དང་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད། དེས་ན། མིག་སྔར་གྲོང་ཁྱེར་དང་རྫོང་རིམ་པའི་ཚན་པ་260ཡི་ཡིད་རྟོན་གཞི་གྲངས་རིགས་35ཕྱོགས་སྡེབས་ཀྱི་ལས་དོན་ལེགས་གྲུབ་ཟིན་པས། བསྡོམས་འབོར་ཁྲི་3500ལས་བརྒལ་བ་དང་། “ཡོངས་བསྒྲགས་གཉིས”ཀྱི་གཞི་གྲངས་ཁྲི་28ལྷག་ཙམ་ཟིན་ནས། གོང་ཞུ་བྱེད་ཚད་དང་། སྒྲིག་སྲོལ་དང་མཐུན་ཚད། དུས་ཐོག་ཏུ་སྤེལ་ཚད་བཅས་ཚང་མ་100%རྒྱུན་འཁྱོངས་ཐུབ་སྟེ་ཡིད་རྟོན་ཞིབ་འཇུག་བརྡར་གཅོད་དང་། ཁྱད་པར་ཅན་གྱི་ལྟ་འདོམས། ཁྲོམ་རའི་བྱེད་པོར་ཞབས་འདེགས་ཞུ་བ་བཅས་ལ་གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།

    ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་ནས། ཟི་ལིང་གིས“ཡིད་རྟོན་སྙན་ཞུས་དཔང་ཡིག་གི་ཚབ་བྱེད་པའི”སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ། ལས་སྒོ་ཁག་598གཉེར་བར་དཔང་ཡིག་སྣ་ཚོགས་ཁྲི་2.5ལྷག་ཙམ་གྱིས་ཚབ་བྱས་ཡོད། ཡིད་རྟོན་སླར་གསོའི་ཐོག་མའི་ཞིབ་བཤེར་དུས་ཚོད་ཐུང་དུ་བཏང་ནས་ཉིན་དེ་རང་དུ་ཐག་གཅོད་བྱས་པ་དང་རིམ་རྩིས་བརྒྱབ་ན་སླར་གསོའི་ཞབས་ཞུ་ཐེངས་ཁྲི་8ལྷག་ཙམ་བསྒྲུབས་ཡོད་པ་རེད། ཁ་དན་ཚིག་ལ་མ་གནས་པའི་ཆ་འཕྲིན“ཡིག་གཉིས་མཉམ་སྐྱེལ”གྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་ཡིད་རྟོན་སླར་གསོའི་རང་འགུལ་ཞབས་ཞུ་སྤེལ་ཏེ་ཁྲོམ་རའི་བྱེད་པོ་71དང་སྦྲེལ་མཐུད་ཀྱིས་སྲིད་འཛིན་ཆད་གཅོད་ཀྱི་ཆ་འཕྲིན་80སླར་གསོ་བྱས་ཡོད། ཡིད་རྟོན་དང་ཚོང་གཉེར་ཁོར་ཡུག་གི་རེ་ཞུ་ཟུང་དུ་འབྲེལ་བའི་ཉེར་སྤྱོད་ཡུལ་རྣམ་བཟོ་ཚད་མུ་མཐུད་ཟབ་ཏུ་བཏང་ནས“རེ་ཞུ་འབྱོར་མ་ཐག་སྒྲུབ་གཉེར་ཡག་པོ་བྱེད་པའི”ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། “ཡིད་རྟོན་ཟི་ལིང”གི་སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་རེ་ཞུ་འཚོལ་སྡུད་ཀྱི་ཐབས་ལམ་རྒྱུན་རྣམ་ཅན་གྱིས་བཏོད་དེ་ཁེ་ལས་ཀྱི་སྲིད་ཇུས་དོན་འཁྱོལ་ལ་མཐུན་སྦྱོར་དང་། མ་དངུལ་བསྡུ་སྒྲིལ་འཕེལ་རྒྱས། ཁྲིམས་འཛིན་ཞབས་ཞུ་སོགས་རིགས་ཁག་གི་རེ་ཞུ་གནད་སྨིན་མཐུན་སྦྱོར་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཁེ་ལས་ཀྱི་རེ་ཞུ་སྣ་ཚོགས་ཁག་29ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།