དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྨྱན་སྦྱོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་ཁེར་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    པི་སི་ཁེག་གི་གད་སྙིགས་ཚན་རྩལ་གཙང་སེལ་གློག་གཏོང་རྣམ་གྲངས་ཁུལ་གྱི་གཙང་སྦྲའི་ཚད་གཞི་ནི་མི་རྣམས་ཀྱི་སེམས་ནང་གི་སྲོལ་རྒྱུན་བག་ཆགས་དང་གཅིག་པ་གཏན་ནས་མིན། གཅིག་གྱུར་གྱི་ལྗང་མདོག་ལས་གོས་གྱོན་པའི་ལས་མི་རྣམས་ཚན་ཞིབ་ཀྱི་ལས་མི་དང་འདྲ་པོ་ཡོད། ལས་དོན་མི་སྣས་ཆེད་སྤྱོད་རང་འགུལ་འཕྲུལ་ལག་གིས་རྒྱང་ཁྲིད་བཀོལ་སྤྱོད་བྱས་པ་དང་། “འཕྲུལ་ལག”ཆེན་པོ་དེས་ཨར་འདམ་ལྕགས་རྩིབས་མའི་གད་སྙིགས་ས་དོང་ནང་བརྒྱངས་ནས་མང་ཤོས་ལ་གད་སྙིགས་ཏུན་10ལེན་ཐུབ་ཀྱི་ཡོད།—— 《ཁེར་གྷི་སི་ཐན་གཏམ་བརྗོད་ཚགས་པར》ཐོག་སྤེལ་བའི་གནས་ཚུལ།

    པི་སི་ཁེག་བྱང་རྒྱུད་ཀྱི་གྲོང་སྐོར་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་33.4ཟིན་ཡོད་པ་དང་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཤིང་། དེར་ཟམ་ལམ་སོགས་ཇུས་འགོད་བྱས་ཏེ་རླངས་འཁོར་ཆེ་གྲས་ཀྱི་འགྲོ་སྐྱོད་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་འཚོག་རིང་ཤར་གཏོང་ཐུབ་པའི་འགྲོ་ལམ་ཁག་གཅིག་ཤར་བགྲོད་ཐུབ་ཀྱི་ཡོད།—— ཁེར་གྷི་སི་ཐན་གྱི་Akipressགསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ།

    ཁེར་གྷི་སི་ཐན་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའི་པར་སི་ཁོ་ཨེན་ནས་པེ་ཏེ་ལི་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་རྒྱལ་ཁབ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཨ་ཁེར་པེ་ཁེ·མུའུ་ས་པ་ཡེ་ཧྥུའུ་ཡིས་ངོ་སྤྲོད་བྱས་པར། ཡུན་རིང་འཁྱགས་ས་ཁུལ་ལ་གནོད་སྐྱོན་མ་ཕོག་ཆེད། ཁེར་ཀྲུང་ཕྱོགས་གཉིས་པོས་སྐྲུན་བཞིན་པའི་པར་སི་ཁོ་ཨེན་ནས་པེ་ཏེ་ལི་བར་གྱི་གཞུང་ལམ་སྤྱི་ལེ་ཁ་ཤས་གཡོལ་ནས་བསྐྲུན་རྒྱུའི་ཐག་བཅད་པ་རེད། —— ཁེར་གྷི་སི་ཐན་ཁཱ་པར་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ།

    ཀྲུང་གོ་ལྕགས་ལམ་ཅུས་ལྔ་པས་བསྐྲུན་པའི་ཆུ་ཡུར་ལས་ཁེར་གྷི་སི་ཐན་དབྱི་སའེ་ཁེ་ཧུའུ་ཀྲོའུ་ཨ་ཁེ་ཨའོ་ལུང་གྲོང་ཚོའི་འདེབས་འཛུགས་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། འདི་ནི་ཀྲུང་ཁེར་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ས་གནས་དེ་གའི་ཤིང་འབྲས་འདེབས་མཁན་ཞིང་པར་བཅར་འདྲི་བྱེད་བཞིན་པ།

    ཀྲུང་ཁེར་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཀྲུང་ཏཱ་ཀྲུང་གོ་རྡོ་སྣུམ་ཀུང་སིའི་ཁེར་གྷི་སི་ཐན་ཕྱོགས་ཀྱི་ལས་དོན་མི་སྣར་མཉམ་འབྲེལ་ཐོག་བཅར་འདྲི་བྱེད་བཞིན་པ།

    པར་སི་ཁོ་ཨེན་ནས་པེ་ཏེ་ལི་བར་གྱི་གཞུང་ལམ་གྱི་ས་བབ་མཐོ་བས་དེ་ནི་ཁེར་གྷི་སི་ཐན་ཨར་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་གྲས་ཤིག་རེད། གཞུང་ལམ་དེས་ཁེར་གྷི་སི་ཐན་དང་ཀྲུང་གོ་སྦྲེལ་མཐུད་བྱས་ཏེ་དཔལ་འབྱོར་དང་། ཚོང་དོན། ཟོག་འགྲུལ་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་པས། དེ་ནི་འཐབ་ཇུས་ཀྱི་སྐྱེལ་འདྲེན་བར་ཁྱམས་གསར་རྐྱང་ཞིག་རེད། —— ཁེར་གྷི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིའི་དབྱི་སའེ་ཁེ་ཧུའུ་ཀྲོའུ་འཕྲིན་ལམ་ནས་སྤེལ་བའི་གནས་ཚུལ།

    ཀྲུང་གོ་ལམ་ཟམ་གྱིས་སྐྲུན་འགན་ཁུར་བའི་པི་སི་ཁེག་བྱང་རྒྱུད་གྲོང་སྐོར་གཞུང་ལམ་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་ཁེར་གྷི་སི་ཐན་ཕྱོགས་ཀྱི་ལས་དོན་མི་སྣས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལག་རྩལ་མི་སྣས་ཁྲུའུ་ཧོ་ཀྲོའུ་ཡི་ཀྲའོ་ཝ་100ཡི་འོད་ཤུགས་གློག་ཁང་གི་སྒྲིག་ཆས་ལ་སྐོར་བཤེར་བྱེད་བཞིན་པ།

    ཀྲུང་གོའི་ཁེ་ལས་ཀྱིས་ཅོར་ཕུང་ཨ་ཐ་རུ་གསར་སྐྲུན་བྱས་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭས་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱས་ཏེ་བཙོག་ཆུ་གཙང་གསིང་མ་ལག་གི་ནུས་པ་ཆེ་རུ་བཏང་བ་དང་ཆབས་ཅིག ས་གནས་དེ་གའི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱས་ནས། སྒྲིག་བཀོད་ཀྱི་རྗེས་མཐུད་གཉེར་སྐྱོང་དང་བདག་སྐྱོང་འགན་ལེན་བྱས་པ་རེད།—— ཁེར་གྷི་སི་ཐན་གྱི《པི་སི་ཁེག་དགོང་དྲོའི་ཚགས་པར》ཐོག་སྤེལ་བའི་གནས་ཚུལ།

    ཁེར་གྷི་སི་ཐན་གྱི་གསར་འགོད་པས་ཀྲུང་ཁེར་མཉམ་དུ་སྲུང་སྐྱོང་བྱས་པའི་ཁེར་གྷི་སི་ཐན་ཨ་ཁེ·པེ་ཤིས་མུའུ་ཡི་གནའ་ཤུལ་ལ་པར་རྒྱག་བཞིན་པ།

    པར་སི་ཁོ་ཨེན་ནས་པེ་ཏེ་ལི་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དངོས་ཡིན་པ། —— ཁེར་གྷི་སི་ཐན་གྱི་Akipressགསར་འགྱུར་ཁང་གིས་པར་རིས་མཁོ་འདོན་བྱས།

    ཟླ་8ཚེས་1ནས་ཚེས་7ཉིན་བར། ཀྲུང་གོ་དང་ཁེར་གྷི་སི་ཐན་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད། མི་དམངས་ཉིན་རེའི་ཚགས་པར་དང་ཁེར་གྷི་སི་ཐན་གྱི《དར་ཆའི་ཚགས་པར》 《ཁེར་གྷི་སི་ཐན་གཏམ་བརྗོད་ཚགས་པར》 ཁཱ་པར་རྒྱལ་ཁབ་གསར་འགྱུར་ཁང་། རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སི། 《པི་སི་ཁེག་དགོང་དྲོའི་ཚགས་པར》སོགས་སྨྱན་སྦྱོར་མང་པོ་ལས་གྲུབ་པའི་མཉམ་འབྲེལ་བཅར་འདྲི་ཚོགས་པས་པི་སི་ཁེག་གྲོང་ཁྱེར་དང་། ཁྲུའུ་ཧོ་ཀྲོའུ། དབྱི་སའེ་ཁེ་ཧུའུ་ཀྲོའུ་སོགས་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དང་ཀྲུང་ཁེར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་སོགས་མི་ཆོས་རིག་གནས་སྤེལ་རེས་རྣམ་གྲངས་ཀྱི་ལས་ཡུལ་དུ་བསྐྱོད་དེ་ཟུར་ཚད་མང་པོའི་ཐོག་ནས་ཀྲུང་ཁེར་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པར་བྱས་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་འབྲེལ་ཡོད་གནས་ཚུལ་བརྙན་ཐུང་དང་། པར་རིས། ཡིག་ཐོག་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་དང་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ནས་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།