དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོ་གསར་དར་ཐོན་ལས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་1400ལྷག་ཙམ་ཡོངས་བསྒྲགས་བྱས་པ།

    གསར་དུ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་ཕྱེད་ཀ་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    ད་ལོ་ཚུན་དུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་ཁག་2800ལྷག་ཙམ་ཁྱབ་བསྒྲགས་བྱས་པའི་ནང་གསར་དར་ཐོན་ལས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་1400ལྷག་ཙམ་ཟིན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    རབས་གསར་པའི་ཆ་འཕྲིན་ལག་རྩལ་ཐོན་ལས་དང་རྒྱུ་ཆ་གསར་པའི་ཐོན་ལས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་300ལྷག་ཙམ་ཁྱབ་བསྒྲགས་བྱས་ཤིང་། 《ཆ་འཕྲིན་ལག་རྩལ་དང་། ཀླད་འཕྲུལ་མཐུད་ཁ། དཔེ་རྣམ་སྣ་མང་གྲངས་གཞིའི་ཚད་གཞི》དང《མི་ཐབས་རིག་ནུས་མཐའ་སྣེའི་རིག་ནུས་ཅན་གྱི་རིམ་དབྱེ》སོགས་ཀྱི་ཚད་གཞིས་ཆ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་མདུན་གྲལ་གྱི་ཚད་ཤིང་བཏོད་པ་དང་། 《གས་འགོག་ཤུགས་ཆེན་ཐུབ་པའི་གྲུ་སྤྱོད་ངར་ལྕགས་ལྕགས་ལེབ》དང《འདུས་འདྲེས་ག་སིན་ཅིན་དབྱང་འགྱུར་ཚི》སོགས་ཀྱི་ཚད་གཞི་བཏོན་པ་དེས་རྒྱུ་ཆ་གསར་པ་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་200ལྷག་ཙམ་གསར་དུ་ཁྱབ་བསྒྲགས་བྱས་ཤིང་། 《ཁབ་ལེན་ནུས་ཤུགས་ཐད་སྐུལ་སྐྱེལ་འདྲེན་མ་ལག་གི་སྤྱི་སྤྱོད་ལག་རྩལ་ཚད་ལྡན》དང《རིག་ནུས་དྲ་སྦྲེལ་རླངས་འཁོར། སྡེབ་སྒྲིག་འཁོར་གཏོང་རམ་འདེགས་མ་ལག་གི་བདེ་འཇགས་བླང་བྱ》སོགས་ཀྱི་ཚད་གཞི་བཏོན་ནས་ཐོན་ལས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ནུས་རྒྱུ་གསར་པའི་ཐོན་ལས་དང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་100ལྷག་ཙམ་གསར་དུ་ཁྱབ་བསྒྲགས་བྱས་ཤིང་། “ལོ་རྒྱུས་སུ་ནན་ཤོས”ཀྱི《གློག་སྒུལ་རླངས་འཁོར་གྱི་བདེ་འཇགས་བླང་བྱ》དང《གློག་སྒུལ་རླངས་འཁོར་གྱི་སྒུལ་ཤུགས་གློག་གསོག་བདེ་འཇགས་བླང་བྱ》ཡིས་སྤྱི་དམངས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་བདེ་འཇགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བསློགས་ཡོད། 《ཅཱ་ཆོན་རྩིས་གཞིའི་ཐོན་རྫས་ཀྱི་ནུས་རྒྱུ་ཟད་གྲོན་གྱི་བཅད་གྲངས》དང《རྨ་ཆུ་རྒྱུག་ཁུལ་གྱི་ཆུ་སྤྱོད་བཅད་གྲངས་ཀྱི་རིམ་སྤེལ་ཚད་གཞི》ལས་ནམ་མཁའ་དེ་བས་གཡའ་དག་པ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།