རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

ད་ལོའི་ཟླ་9ཚེས་3ཉིན་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་81འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ས་གནས་ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
འདི་ནི་ཉིན་དེར་ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏུན་ཐོའུ་གྲོང་རྡལ་ཅི་ཆིང་སློབ་ཆུང་གི་དགེ་རྒན་གྱིས་སློབ་མའི་སྣེ་ཁྲིད་དེ་ཤིན་སི་ཅུན་མཉམ་འབྲེལ་རི་འགོག་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།