དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་བྱུང་ཐོན་ཁུངས་ཀྱི“ས་བཀྲ་གཅིག”བཟོ་བར་སྐུལ་འདེད་ཏན་ཏིག་བཏང་བ།

    སྡེ་ཚན་དང་རིམ་པ་བརྒལ་བའི་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-06

    གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། རང་བྱུང་ཐོན་ཁུངས་ཀྱི“ས་བཀྲ་གཅིག”བཟོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྡེ་ཚན་དང་རིམ་པ་བརྒལ་བའི་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་ནས། རང་བྱུང་ཐོན་ཁུངས་དོ་དམ་གྱི་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད།

    མཉམ་འགུལ་ཞིབ་མཆན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། མིག་སྔར། “ས་བཀྲ་གཅིག”གི་མ་ལག་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རིམ་ཁག་རང་བྱུང་ཐོན་ཁུངས་སྡེ་ཚན་དུ་ས་ཆ་སྤྱོད་པ་དང་། ནགས་ཚལ་སྤྱོད་པ། རྩྭ་སྤྱོད་པ། མཚོ་སྤྱོད་པ་བཅས་ཀྱི་མཉམ་འགུལ་ཞིབ་མཆན་མངོན་འགྱུར་བྱུང་བ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་གནས་ཚུལ་མི་འདྲ་བར་གཞིགས་ནས་ཡིག་ཐོག་སྙན་ཞུའི་དཔྱད་ཡིག་5ནས་19བར་ཉུང་དུ་བཏང་བ་དང་ལྷུ་ཚིགས་8ནས་20བར་ཉུང་དུ་བཏང་བས་ཆ་སྙོམས་ཞིབ་མཆན་འགོད་ཡུན་33%ཐུང་དུ་ཕྱིན་ཡོད།

    ལས་སྒོའི་དོ་དམ་སྒྱུར་བཅོས་ཀྱི་དགོས་མཁོར་དམིགས་ནས། “ས་བཀྲ་གཅིག”བཟོ་བའི་ཕན་འབྲས་དངོས་ལ་དམིགས་ཏེ་བར་མཐོངས་ཀྱི་གྲངས་གཞི་དུང་ཕྱུར་41.4གཅིག་སྡུད་བྱས་ནས་ཕྱོགས་ཁག་གིས་ཁས་ལེན་དང་ཐུན་མོང་བེད་སྤྱོད་བྱེད་པའི་རྒྱལ་ཡོངས་གཅིག་གྱུར་གྱི་ས་བཀྲ་ཞིག་ཆགས་ཡོད། རིམ་ཁག་རང་བྱུང་ཐོན་ཁུངས་སྡེ་ཚན་གྱི“ཁུལ་གསུམ་དང་རྒྱུད་གསུམ”གྱི་དོ་དམ་ཚོད་འཛིན་དང་དབང་ཆ་གཏན་འཁེལ་ཐོ་འགོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས“བྱ་བ་གཅིག‘ས་བཀྲ་གཅིག’གི་ཐོག་མཉམ་དུ་སྒྲུབ་པ”དང“བྱ་བ་རིགས་གཅིག་མཉམ་དུ་སྒྲུབ་པ”མངོན་འགྱུར་ཡོང་ཐབས་བྱས་ཡོད།

    ཅང་སུའུ་རུ“ས་བཀྲ་གཅིག”གི་ལས་སྟེགས་ཀྱིས་རྣམ་གྲངས་དོན་འཁྱོལ་གྱི་ལས་ཕྱོད་ཆེ་རུ་དང་བཅོས་སྒྲིག་གི་ཞིབ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་དང་། དྲ་ཐོག་ནས་རྗེས་སྙེག་དང་དྲ་ཕྱིའི་གྲོས་མོལ་མཉམ་འགུལ་བརྒྱུད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཆ་སྙོམས་ཉིན་70ལྷག་ཙམ་མགྱོགས་སུ་བཏང་ཡོད། ཀྲེ་ཅང་དུ“ས་བཀྲ་གཅིག”གིས་སྡེ་ཚན་དབར་གྱི་བཀག་རྒྱ་མེད་པར་བཟོ་རོགས་བྱས་པ་དང་། ཕྱོགས་མང་པོའི་ཞིབ་བཤེར་དང་། བསམ་འཆར་གདོང་གཏུག ཕར་རྒྱུག་ཚུར་རྒྱུག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    གོམ་སྟབས་རྗེས་མར། རང་བྱུང་ཐོན་ཁུངས་པུས“ས་བཀྲ་གཅིག”བཟོ་བ་དང་བཀོལ་སྤྱོད་མགྱོགས་པོ་དང་། ཆ་འཕྲིན་གཅིག་སྡུད་ཀྱི་གྲུབ་འབྲས་ཐོབ་པའི་ནུས་པ་ཆེ་རུ་གཏོང་བ། ལས་སྒོའི་མཐུན་སྦྱོར་དོ་དམ་སྒྲིག་སྲོལ་དང་ཚད་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རྨང་གཞིའི་ས་ཁམས་ཆ་འཕྲིན་དང་། རང་བྱུང་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་བདག་དབང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད། རང་བྱུང་ཐོན་ཁུངས་དོ་དམ་སོགས་བར་མཐོངས་ཆ་འཕྲིན་འདུས་གྲུབ་མགྱོགས་པོ་བཅས་བྱས་ནས། རྒྱལ་ཁབ་ས་ཆའི་བར་མཐོངས་བཅོས་སྐྱོང་དེང་རབས་ཅན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།