དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་གསོད་རུ་མི་པད་མ་བྱང་ཆུབ།

    “ང་ཚོས་གནས་ཚུལ་གསར་ཤོས་འཁྱེར་ཡོང་རྒྱུར་ཚང་མས་སྒུག་བཞིན་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-09-06

    ད་ཐེངས་ནི་གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་གསོད་རུ་མི་པད་མ་བྱང་ཆུབ་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སྐྱོད་ཐེངས་གཉིས་པ་རེད།

    ཟླ་8ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་ལ། པད་མ་བྱང་ཆུབ་དང་འཐབ་གྲོགས་ཚོ་སྨག་རུམ་ཁྲོད་རྒྱལ་ལམ་216མྱུར་བཟོ་བྱ་ཡུལ་ནས་བྲག་རིའི་ཕྱོགས་སུ་བསྐྱོད།

    “ས་ཡུལ་དངོས་སུ་འབྱོར་རྗེས་ངལ་ཡང་གསོ་ཁོམ་མེད་པར་ཐད་ཀར་འཚོལ་སྐྱོབ་བྱེད་འགོ་ཚུགས་པ་ཡིན”ཞེས་པད་མ་བྱང་ཆུབ་ཀྱིས་བཤད་པ་དང་། ཁོང་གིས། དགོང་མོ་རོགས་སྐྱོབ་མི་སྣས་མི་མེད་གནམ་གྲུར་བརྟེན་ནས་ཉལ་ཆས་དང་། བཟའ་བཅའ། ཆུ་བཅས་བསྐྱལ་བྱུང་། ང་དང་འཐབ་གྲོགས་ཚོས་བྲག་ཁུང་ཞིག་བཙལ་ནས་ངལ་གསོ་བརྒྱབ་པ་ཡིན་ཞེས་བཤད།

    ད་ཐེངས་དེ་སྔ་དང་མི་འདྲ་ཞིང་། འགྲོ་ལམ་བཤངས་ཐུབ་པས་རླངས་འཁོར་ཐད་ཀར་མདུན་ཕྱོགས་སུ་གཏོང་ཐུབ་པ་དང་། སྒྲིག་ཆས་དང་མཁོ་སྤྲོད་དངོས་ཟོག་ཚང་མ་བསྐྱལ་ཐུབ་ཡོད།

    གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པའི་དཀའ་ངལ་ཆུང་དུ་ཕྱིན་ཡང་ལས་འགན་སྔར་བཞིན་ལྕི་པོ་ཡོད། “འཚོལ་སྐྱོབ་བྱེད་སྐབས་ཞིབ་ཚགས་པོ་བྱེད་དགོས”ཞེས་པད་མ་བྱང་ཆུབ་ཀྱིས་བཤད། ས་ཡུལ་དངོས་སུ་འཚོལ་སྐྱོབ་མི་སྣ་ལ་ལས་འདམ་ནང་པུས་མོ་བཙུགས་ཏེ་ལག་པས་འདམ་རྫབ་སྔོག་པ་དང་། རྫི་ཁྱིས་དྲི་མ་སྣོམ་བཞིན་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་། སྐབས་འགར་འགྲོ་མཚམས་བཞག་ནས་ཕྱོགས་གཅིག་ཏུ་དྲི་མ་ཡང་ཡང་སྣོམ་པ་མཐོང་བྱུང་།

    ས་རུབ་ལ་ཉེ་ཡང་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་ད་དུང་དཔུང་སྡེས་འཚོལ་སྐྱོབ་བྱེད་བཞིན་འདུག “དཀའ་ངལ་ལ་མ་བལྟོས་པར་འཚོལ་སྐྱོབ་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན། ཚང་མས་ང་ཚོས་གནས་ཚུལ་གསར་ཤོས་འཁྱེར་ཡོང་རྒྱུར་སྒུག་བཞིན་ཡོད”ཅེས་པད་མ་བྱང་ཆུབ་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།