ཟླ་བ་དང་པོ་ནས་བདུན་པའི་བར་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་23.4%འཕར་བ།
གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་བརྒྱབ་ན། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གིས་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་44252ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་23.4%འཕར་ཡོད་པ་རེད།
ཟླ་7པར་རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གིས་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་7404ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་18.5%འཕར་ཡོད། ཉོ་ཚོང་ཁྱབ་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་གྱི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5491ཟིན་པ་དེ་དུས་མཚུངས་ལས་19.0%འཕར་བ་དང་། ཞིང་ཆེན་དང་ས་ཁུལ་སྒྲོལ་བའི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1913ཟིན་པ་དེ་དུས་མཚུངས་ལས་17.2%འཕར་ཡོད་པ་རེད། ཉོ་ཚོང་གི་རིགས་ནས་བལྟས་ན། དུས་ཡུན་འབྲིང་རིང་གི་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6786ཟིན་པ་དང་། ད་ཡོད་གློག་ཉོ་ཚོང་བྱེད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་618ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།