ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་8.3%འཕར་བ།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་44467.1ཟིན་པ་དེ་དུས་མཚུངས་ལས་8.3%འཕར་བ་དང་། དེའི་ནང་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་17732.3ཟིན་པ་དེ་དུས་མཚུངས་ལས་17.1%འཕར་བ་དང་། ནང་དུ་འདྲེན་ཚད་སྒོར་དུང་ཕྱུར་26734.8ཟིན་པ་དེ་དུས་མཚུངས་ལས་3.2%འཕར་ཡོད་པ་རེད།
ཟླ་བ་དང་པོ་ནས་བདུན་པའི་བར། ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་2636.1ཟིན་པ་དེ་དུས་མཚུངས་ལས་27.7%འཕར་བ་དང་། སྐྱེལ་འདྲེན་ཞབས་ཞུ་ཕྱིར་གཏོང་ཚད་སྒོར་དུང་ཕྱུར་3632.3ཟིན་པ་དེ་དུས་མཚུངས་ལས་27.1%འཕར་ཡོད། ཤེས་བྱའི་འདུས་ཆེའི་རང་བཞིན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་19606.2ཟིན་པ་དེ་དུས་མཚུངས་ལས་6.6%འཕར་བ་དང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་གྱི་44.1%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།