དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-06

    སྐྱིད་གྲོང་དུ་ཆུ་རུད་གནོད་འཚེ་ཐོན་རྗེས། ས་ལེ་ཤང་གི་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གིས་སྨན་བཅོས་རོགས་སྐྱོབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་དུ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུས་པ་རེད། སྨན་དོན་པས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་པ་དང་། ཆམ་ནད་སྔོན་འགོག་གི་སྨན་སྤྲོད་པ། སེམས་ཁམས་གསོ་བའི་ཤེས་བྱ་སློབ་པ་བཅས་བྱས་ནས། མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཧུར་ཐག་བྱས་ཡོད་པ་རེད།

    འདི་ནི་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པས་ས་ལེ་ཤང་གི་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།