དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-06

    ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་གཉེར་སྐྱོང་བྱེད་པོའི་ཐོབ་སྣང་ཚད་གཞིར་བྱས་ཏེ་ཁྲོམ་རའི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་བ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་བཏང་བས། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོ་འཛུགས་སྐྲུན་གྱི་བླང་བྱ་དང་ལྟ་བསྡུར་བྱས་ནས་ལས་རིགས་ཀྱི་ཁྲིམས་སྲོལ་ལ་རིམ་འཇུག་བཟོ་བཅོས་བརྒྱབ་པ་དང་། རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག་གསར་དུ་བཟོ་བཅོས་བརྒྱབ་སྟེ། ཁྲོམ་ར་གཅིག་གྱུར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དོན་ཚན་དང་ལམ་ལུགས་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་རེད། ལོ་བཅུ་ལག་བསྟར་བྱས་པའི་ཡུལ་སྐོར་འགྲུལ་སྐྱེལ་སྐྱེལ་འདྲེན་གྱི་སྤྱི་འབོར་ཚོད་འཛིན་སྲིད་ཇུས་རང་འགུལ་ངང་མེད་པར་བཟོས་ཤིང་།2025ལོར་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་ས་གནས་གསུམ་དུ་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་514(རླངས་འཁོར་རྐུབ་སྟེགས་10045)མང་དུ་དང་གསར་བརྗེ་བྱས་ནས། ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་ར་འཁྲུག་ཏུ་བཏང་བ་དང་ལས་རིགས་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་ཡོད། དེ་དང་ཆབས་ཅིག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པ་སྐྲུན་པའི་ཞབས་ཞུའི་རྣམ་གྲངས་མུ་མཐུད་རྒྱ་སྐྱེད་གཏོང་བ། “ཞིང་བརྒལ་ཀུན་སྒྲུབ”ཀྱི་སྤྱོད་མང་བའི་དོན་ཚན་5དང་ཅ་དངོས་ཆེ་གྲས་སྐྱེལ་འདྲེན་ལ་ཞིང་སྒྲོལ་མཉམ་འབྲེལ་ཞིབ་མཆན་འགོད་པ་སོགས་ཀྱི་སྟབས་བདེའི་བྱ་ཐབས་དོན་འཁྱོལ་བཅས་བྱས་ཡོད། 2025ལོ་ནས་ད་བར་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་སུ“ཞིང་བརྒལ་ཀུན་སྒྲུབ”ཀྱི་ལས་དོན་སྒྲུབ་ཚར་ཚད་100%ཟིན་པ་དང་། ལོ་ཧྲིལ་པོར་ཅ་དངོས་ཆེ་གྲས་སྐྱེལ་འདྲེན་གྱི་ཆོག་འཐུས་ལག་ཁྱེར་36690གཉེར་ཞིང་། “ས་གནས་གཅིག་ཏུ་ལག་ཁྱེར་གཉེར་ནས་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་པ”མངོན་འགྱུར་བྱུང་ནས་ཁེ་ལས་ཀྱི་ལས་དོན་སྒྲུབ་པའི་དུས་ཚད་ཆེས་ཆེར་ཐུང་དུ་བཏང་བ་དང་གཉེར་སྐྱོང་གི་མ་གནས་དམའ་རུ་བཏང་ཡོད། “འཕར་གྲངས་ལ་ཞིབ་བཤེར་ནན་པོ་དང་གསོག་འབོར་གཙང་བཤེར་ཕྱིར་སློག”གི་རྒྱུན་རྣམ་ཅན་གྱི་སྲིད་ཇུས་གཙང་བཤེར་ལམ་སྲོལ་བཙུགས་ནས། 2022ལོ་ཚུན་གྱི་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་སྲིད་ཇུས་དང་བྱེད་ཐབས་ཁག་40ལྷག་ཙམ་གྱི་དྲང་གཞག་འགྲན་རྩོད་སྐོར་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ་ས་གནས་སྲུང་སྐྱོང་དང་། ས་ཁོངས་བཀག་སྡོམ། ཧེ་བག་ཅན་གྱི་ལྟ་འདོམས་སོགས་ལུགས་མཐུན་མིན་པའི་སྲིད་ཇུས་མཐའ་གཅིག་ཏུ་མེད་པ་བཟོས་ནས་དྲང་གཞག་གཞུང་དྲང་དང་ཚད་ལྡན་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་བཏོད་ཡོད། 2022ལོ་ནས་བཟུང་རིམ་རྩིས་བརྒྱབ་ན། ལུགས་དང་མི་མཐུན་པའི་སྲིད་ཇུས་ཁག་32མེད་པ་བཟོས་པ་དང་ཁག་13ལ་བཟོ་བཅོས་བརྒྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།