དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁས་དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་གཏོད་བྱས་ནས་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-06

    འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས་དྲ་གྲགས་དང་། རིག་གནས་ཡུལ་སྐོར། ལས་རྣམ་གསར་པ་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་བཏོད་ཡོད། ལྷུན་རྩེ་རྫོང་གིས“རིག་རྒྱུན་ཉམས་སུ་མྱོང་། གསར་བརྗེའི་ལྷུན་རྩེ་སྐོར”ཞེས་པའི་དྲ་གྲགས་ཀྱིས་G219ལ་མྱོང་རོལ་གྱི་བྱེད་སྒོ་སྤེལ་ཞིང་། རིག་གནས་ཡུལ་སྐོར་དྲ་རྒྱའི་བརྡར་པ་11གདན་དྲངས་ཏེ་དུས་ཡུན་ཉིན་4ཡི་རིང་ས་ཁོངས་ཧྲིལ་པོར་དབྱིངས་ཞུགས་རྣམ་པའི་མྱོང་རོལ་བྱས་པ་དང་འབྲེལ། ཆེད་བརྗོད་གཏམ་གླེང་སྤེལ་བར་དྲ་ཐོག་ཏུ་ལྟ་མཁན་ཐེངས་ཁྲི་600ལས་བརྒལ་ཡོད།

    ཟངས་རི་རྫོང་གིས་གཟི་བྱིན་ལྷ་མཚོ་ལྟེ་བར་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་འོས་སྦྱོར་དང་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་གཉེར་བ་དང་འབྲེལ། དྲ་ཐོག་ཏུ་དྲིལ་བསྒྲགས་བྱས་པ་བརྒྱུད་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    གྲ་ནང་རྫོང་གིས་བྱེ་ཐང་གི་བྱེས་བགྲོད་དང་ཤིང་ཏོག་ལན་མེ་འཐུ་བ་སོགས་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་བ་དང་འབྲེལ། དྲ་རྒྱའི་ལས་སྟེགས་བརྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ཆེས་ཆེར་འཕར་བར་སྐུལ་འདེད་བཏང་ཡོད།

    དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་ལས་བྱུང་བའི་འགྲུལ་རྒྱུན་དག་དངོས་དངོས་རྗེན་རྗེན་གྱི་དཔལ་འབྱོར་ཕན་འབྲས་ལ་འགྱུར་བཞིན་ཡོད། ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་དྲིལ་བསྒྲགས་དང་སྐུལ་ཁྲིད་འོག ལྷོ་ཁ་གྲོང་ཁྱེར་གྱིས་དྲ་སྦྲེལ་སྒུལ་ཤུགས་སུ་བྱས་ནས“བོད་མིའི་འབྱུང་ཁུངས་ལྷོ་ཁའི”རིག་གནས་སྤུས་རྟགས་བཏོད་དང་གཏོད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།