ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ལེ་ཚན་སྟོན་འགོ་ཚུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ནན་བཤད་གནང་དོན།
དུས་རབས་འཕེལ་རྒྱས་ཀྱི་འཕར་རྩར་དམ་པོར་དམིགས་པ་དང་ལོ་ཆུང་བྱིས་པའི་རིག་གནས་ཞིང་ས་གཤིན་པོ་རྨོས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
རྟེན་འབྲེལ་འཕྲིན་ཡིག
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ལེ་ཚན་སྟོན་འགོ་ཚུགས་ནས་ལོ་ངོ་70འཁོར་བའི་མཚམས་འདིར་ངས་རྟེན་འབྲེལ་ཞུ་གི་ཡིན།
ལོ་ངོ་70ཡི་རིང་། 《སྒྲ་དུང་ཆུང་ཆུང》ལེ་ཚན་གྱིས“ཕྲུ་གུ་ཚོར་གཏམ་རྒྱུད་ཡག་པོ་ཤོད་རྒྱུ”མཐའ་འཁྱོངས་བྱས་ནས་ལོ་ཆུང་བྱིས་པ་མི་རབས་ནས་མི་རབས་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་ཡོད། འགོ་འཛུགས་ས་གསར་པའི་ཐོག ཁྱེད་ཚོ་དང་རྒྱ་ཆེའི་ལོ་ཆུང་བྱིས་པའི་རིག་རྩལ་ལས་དོན་པ་ཚོས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕར་རྩར་དམ་པོར་དམིགས་པ། ལོ་ཆུང་བྱིས་པའི་རིག་གནས་ཀྱི་ཞིང་ས་གཤིན་པོ་རྨོས་པ། བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་དང་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་སྔར་བས་མང་བ་སེམས་ནུས་ཡོད་རྒུས་གསར་རྩོམ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
2026ལོའི་ཟླ་9ཚེས་4ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《སྒྲ་དུང་ཆུང་ཆུང》ལེ་ཚན་སྟོན་འགོ་ཚུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ་70ཡི་རིང་། 《སྒྲ་དུང་ཆུང་ཆུང》ལེ་ཚན་གྱིས“ཕྲུ་གུ་ཚོར་གཏམ་རྒྱུད་ཡག་པོ་ཤོད་རྒྱུ”མཐའ་འཁྱོངས་བྱས་ནས་ལོ་ཆུང་བྱིས་པ་མི་རབས་ནས་མི་རབས་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་ཡོད།
ཞི་ཅིན་ཕིང་གིས། འགོ་འཛུགས་ས་གསར་པར་ཁྱེད་ཚོ་དང་རྒྱ་ཆེའི་ལོ་ཆུང་བྱིས་པའི་རིག་རྩལ་ལས་དོན་པ་ཚོས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་དང་། དུས་རབས་འཕེལ་རྒྱས་ཀྱི་འཕར་རྩར་དམ་པོར་དམིགས་པ། ལོ་ཆུང་བྱིས་པའི་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས། བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་དང་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་སེམས་ནུས་ཡོད་རྒུས་གསར་རྩོམ་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
《སྒྲ་དུང་ཆུང་ཆུང》ལེ་ཚན་1956ལོའི་ཟླ་9ཚེས་4ཉིན་ནས་བཟུང་སྟོན་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོ་གསར་པར་སློབ་ལོ་མ་ལོན་པའི་བྱིས་པར་ཆེད་མངགས་སྒྲིག་བཟོ་བྱས་པའི་རླུང་འཕྲིན་ལེ་ཚན་ཐོག་མ་དེ་རེད། མིག་སྔར་རླུང་འཕྲིན་དང་། བརྙན་འཕྲིན། སྨྱན་སྦྱོར་གསར་པ། སློབ་གྲྭའི་རླུང་འཕྲིན་ས་ཚིགས་སོགས་གཞི་གཅིག་ཏུ་འདུས་པའི་སྤུས་དག་གི་ལེ་ཚན་ཞིག་ཏུ་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།