སྐྱིད་གྲོང་གི་ཆུ་རུད་ནང་སྲོག་ཉེན་ལས་ཐར་མཁན་རྙེད་མེད་པའི་སྐོར་ལ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིམ་པ་དང་པོའི་སྐོར་གཟིགས་པ་ཁྲེང་གཡོད་ཀྱིས་དབྱེ་ཞིབ་བྱས་པ།
སྐྱིད་གྲོང་འགག་སྒོར་ཆུ་རུད་ཀྱི་གནོད་འཚེ་ཐོན་རྗེས། འཚོལ་སྐྱོབ་དང་ཉེན་སེལ་སྐོར་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ད་བར་སྲོག་ཉེན་ལས་ཐར་མཁན་རྙེད་མེད་པའི་སྐོར་ལ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིམ་པ་དང་པོའི་སྐོར་གཟིགས་པ་ཁྲེང་གཡོད་ཀྱིས་དབྱེ་ཞིབ་བྱས་པར། སྨི་སྟོང་ཕྲག་སར་ཡོད་པའི་འཁྱགས་རོམ་གས་ནས་བཞུར་སྐབས་རྒྱུག་ཚད་ཧ་ཅང་ཆེན་པོ་གཅིག་ཏུ་བསྡུས་པའི་ཆུ་རུད་ཐོན་ཞིང་། དེ་གཟར་ལ་གུ་དོག་པའི་རོང་ཤུལ་བརྒྱུད་རྒྱུག་པ་དང་རི་འདེབས་ལ་ཤུགས་ཀྱིས་བརྡབས་ནས་སྤྱི་ལེ་ངོས་གྲུ་0.7ཟིན་པའི་འགག་སྒོ་གནས་སའི་སྐྲུན་དངོས་དག་སྐད་ཅིག་ཉིད་དུ་ཐེར་ཚལ་སྦ་ཚལ་བཏང་བས་སྐབས་དེ་དུས་ས་ཡུལ་དངོས་ལ་ཡོད་པའི་མི་རྣམས་སྲོག་ཉེན་ལས་ཐར་ཐུབ་མེད། བོད་ལྗོངས་སློབ་ཆེན་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དབྱང་ཁྲེང་ཡེ་ཡིས་གནོད་འཚེའི་སྒུལ་ཤུགས་རིག་པའི་ཐད་ནས་ཁ་གསབ་དབྱེ་ཞིབ་བྱས་པར། ད་ཐེངས་ཀྱི་གནོད་འཚེ་ནི་འཁྱགས་རྡོ་རུད་པའི་རྣམ་པ་ཡིན་ཏེ། དེའི་རྒྱུག་ཚད་སྐར་ཆ་རེར་སྨི་50ཟིན་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་180ཡིན་པས་འགག་སྒོའི་མི་རྣམས་ཉེན་གཡོལ་དུས་ཚོད་སྐར་མ་2ཙམ་ལས་མེད་ཅིང་། དེ་དུས་རྒྱུན་ཐོན་པའི་རྒྱུག་ཚད་སྐར་ཆ་རེར་སྨི་10ཟིན་པའི་ཆུ་རུད་ལས་ཧ་ཅང་གིས་མགྱོགས་པ་ཡོད། ཆུ་རུད་ཀྱི་གཏོར་སྐྱོན་དེ་ལུག་རྒྱག་པ་དང་འབུད་རྒྱག་གཏོང་བར་ལྟར་ཡོད་པས། གཤེར་གཟུགས་འདྲེས་མའི་ཆུ་རུད་ཀྱིས་སྐད་ཅིག་ཉིད་ལ་ས་སྟོང་ཚང་མ་བཀངས་པས་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དུ་ཉེན་གཡོལ་བྱེད་ས་གཅིག་ཀྱང་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།