དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོང་རྣམ་པས་སྐྱིད་གྲོང་ལ་ཞལ་འདེབས་མང་པོ་བརྒྱབ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-09-05

    སྐྱིད་གྲོང་གི“8·26”ཆུ་རུད་ཀྱི་གནོད་འཚེའི་ཞལ་འདེབས་མ་དངུལ་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་སྤྱི་བསྒྲགས།

    (གཅིག) 

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་གི་“8·26”ཆུ་རུད་ཀྱི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་རོགས་སྐྱོར་བྱ་ཆེད། སྤྱི་ཚོགས་ལས་རིགས་ཁག་གིས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་ཞལ་འདེབས་རྒྱག་གི་ཡོད། ད་ལྟ་2026ལོའི་ཟླ་8ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4:29ནས་2026ལོའི་ཟླ་9ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་9:21བར་ལ་ཞལ་འདེབས་བརྒྱབ་པའི་མ་དངུལ་སྤྱི་བསྒྲགས་བྱས་པ་གཤམ་གསལ། 

    རྩ་གཉིས་ཨང་རྟགས་འདི་བཤེར་ན་ཞལ་འདེབས་མ་དངུལ་ལ་ལྟ་ཐུབ།

    ཟུར་མཆན། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ནི་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ལ་བརྒྱབ་པའི(ཁག་དང་པོའི)ཞལ་འདེབས་མ་དངུལ་གྱི་ཆ་འཕྲིན་ཡིན་པ་དང་། ཐབས་ལམ་གཞན་དག་ནས་བརྒྱབ་པའི་ཞལ་འདེབས་ད་ཐེངས་སྤྱི་བསྒྲགས་བྱས་མེད། ཁྱེད་ནས་གེགས་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མུ་མཐུད་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

    གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ནས།

    2026ལོའི་ཟླ་9ཚེས་3ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།