དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《རྟེན་མཛོད་ཁང་གི་རྟེན་རྫས་དོ་དམ་བྱ་ཐབས》ཟླ་11ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    ཉེ་ཆར། རིག་གནས་དང་ཡུལ་སྐོར་པུས《རྟེན་མཛོད་ཁང་གི་རྟེན་རྫས་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། བྱ་ཐབས་དེ་2026ལོའི་ཟླ་11ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་རེད། བྱ་ཐབས་ནང་ཁ་གསལ་བཏོན་དོན། རྟེན་མཛོད་ཁང་གིས་རྟེན་མཛོད་ཁང་དེ་གའི་ངོ་བོ་དང་ལས་འགན་ལ་གཞིགས་ནས་རྟེན་རྫས་ཉར་ཚགས་ཀྱི་ཚད་གཞི་བཟོ་དགོས་པ་དང་། རྟེན་རྫས་ཉར་ཚགས་མ་བྱས་གོང་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་རྟེན་རྫས་ཀྱི་བདེན་རྫུན་དང་རིན་ཐང་ལ་གསལ་འབྱེད་དཔྱད་དཔོག་བྱས་ཏེ། རྟེན་མཛོད་ཁང་དེ་གའི་ཉར་ཚགས་ཀྱི་ཚད་གཞི་དང་མཐུན་མིན་གཏན་འཁེལ་བྱེད་དགོས། གཞུང་ཁོངས་རྟེན་མཛོད་ཁང་གིས་རྟེན་མཛོད་ཁང་ནས་ཕྱིར་འཐེན་བྱེད་དགོས་པའི་རྟེན་རྫས་རིགས་ཡིན་ཕྱིན་གཏན་འབེབས་ཀྱི་གོ་རིམ་ལྟར་ལག་ལེན་ནན་པོ་བསྟར་དགོས།

    ཉེ་བའི་ལོ་ཤས་རིང་། རྟེན་མཛོད་ཁང་ཁག་གཅིག་གི་ཞལ་འདེབས་བརྒྱབ་པའི་རྟེན་རྫས་ཀྱི་དོ་དམ་ཚད་ལྡན་མེད་པ་དང་རྟེན་རྫས་རྩིས་བཤེར་གྱི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བྱ་ཐབས་ནང་། རྟེན་རྫས་ཕྱིར་འཐེན་དང་། ཞལ་འདེབས་བརྒྱབ་པའི་རྟེན་རྫས་དོ་དམ། རྟེན་རྫས་རྩིས་བཤེར་སོགས་ཀྱི་བླང་བྱ་གཙོ་གནད་ཐོག་འཐུས་སྒོ་ཚང་དུ་བཏང་ཞིང་། རྟེན་རྫས་ཕྱིར་འཐེན་བྱེད་པའི་ཐད། ཕྱིར་འཐེན་བྱེད་སྟངས་དང་ཕྱིར་འཐེན་བྱས་རྗེས་ཀྱི་ཐག་གཅོད་བྱེད་སྟངས་ལ་ཚོད་འཛིན་ནན་པོ་བྱེད་པ་དང་། རིཌ་གཅིག་མཁས་ཅན་གྱི་དཔྱད་དཔོག་དང་རིག་དངོས་སྲིད་འཛིན་སྡེ་ཚན་གྱི་ཞིབ་མཆན་འགོད་རིམ་ཚད་ལྡན་དུ་གཏོང་བ། རྟེན་རྫས་ཕྱིར་འཐེན་ནན་པོ་བཅས་བྱེད་དགོས། ཞལ་འདེབས་བརྒྱབ་པའི་རྟེན་རྫས་དོ་དམ་ཐད། ཞལ་འདེབས་དང་བསྡུ་ལེན་གྱི་གོ་རིམ་དང་ཞལ་འདེབས་གྲོས་མཐུན་གྱི་གཞི་རྩའི་ནང་དོན་སྔར་བས་གཏན་འབེབས་ཞིབ་ཚགས་བྱེད་པ་དང་། ཞལ་འདེབས་བརྒྱབ་པའི་རྟེན་རྫས་ཐག་གཅོད་བྱེད་སྟངས་ལ་ཚོད་འཛིན་བྱས་ཏེ། ཞལ་འདེབས་རྒྱག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། རྟེན་རྫས་རྩིས་བཤེར་བྱེད་པའི་ཐད། རྟེན་རྫས་རྩིས་བཤེར་བྱེད་ཐབས་དང་རྩིས་བཤེར་གྱི་བླང་བྱ་ཁ་གསལ་བཟོས་ནས་རྟེན་མཛོད་ཁང་གི་ཁྲིམས་གཏན་འཁེལ་བའི་འཐུས་མི་དང་ཉར་ཚགས་བྱེད་མཁན་གྱི་ལས་བྲལ་རྩིས་སྤྲོད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ། རྟེན་མཛོད་ཁང་གི་རྟེན་རྫས་མཛོད་བཤེར་རྩིས་བཤེར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།