རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གློག་དྲ་གསར་པ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་བཀོད་སྒྲིག་བྱས་པ།
ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་གློག་དྲ་གསར་པ་འཛུགས་སྐྲུན་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་གློག་དྲ་གསར་པ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ནུས་རྒྱུ་གསར་པའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྩེར་སོན་ཐོན་ལས་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་གློག་ནུས་དགོས་མཁོ་བརྟན་པོ་འཕར་བ། དཔེ་དབྱིབས་གསར་པ་དང་ལས་རྣམ་གསར་པ་མགྱོགས་མྱུར་ཐོན་ནས་གློག་དྲ་གསར་པ་འཛུགས་སྐྲུན་གྱི་སྐོར་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་དང་། གློག་དྲ་ཆེ་མོའི་བདེ་འཇགས་བརྟན་ལྷིང་གི་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་སྒྱུར་གློག་དྲའི་སྤྱི་པའི་ལས་སྟེགས་ཀྱི་ནུས་པ་གང་ལེགས་འདོན་པ། རིག་ནུས་གློག་དྲ་ཆུང་གྲས་བབ་བསྟུན་སྣ་མང་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གློག་དྲ་གཙོ་བོ་དང་། ལེ་ལག་གློག་དྲ། གློག་དྲ་ཆུང་གྲས་བཅས་མཐུན་སྦྱོར་གྱི་གློག་དྲའི་སྒྲོམ་གཞི་གསར་པ་འཛུགས་པ་དང་། གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་པས་མི་ཐབས་རིག་ནུས+དང་། སྟབས་བསྟུན་གློག་དྲ། རིག་ནུས་སྙོམས་སྒྲིག ཡུན་རིང་ནུས་གསོག་སོགས་ཀྱི་གློག་དྲའི་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་མགྱོགས་མྱུར་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྣ་མང་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གསར་པ་ནུས་ཆེའི་ངང་དྲ་སྦྲེལ་འདྲེན་སྤྱོད་དང་། སྤུས་ཚད་མཐོ་བའི་གློག་འདོན། གློག་རྩིས་མཐུད་སྦྱོར་སོགས་ལས་རྣམ་གསར་པ་མཐུན་སྦྱོར་འཚམ་མཐུན་ཡོང་བའི་གློག་དྲའི་ཞབས་ཞུ་གསར་པ་རིམ་སྤོར་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་བ། བདེ་འཇགས་འཁོར་སྐྱོད་ཀྱི་མཐའ་ཚད་ནུས་ཤུགས་ཡོད་རྒུས་བསྲུངས་ཏེ་གློག་དྲ་ཆེ་མོ་བདེ་འཇགས་ངང་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་བྱེད་པ་དང་། ལས་གྲྭའི་བདེ་འཇགས་དང་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ། གློག་དྲའི་གེགས་འགོག་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་སྙུགས་ཤེད་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།