དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་དཔེ་འཐེན་བརྟག་དཔྱད་ཐེངས་དྲུག་པ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། དམངས་སྲིད་པུའུ་དང་། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ། ནོར་སྲིད་པུའུ། རྒྱལ་ཡོངས་རྒན་རྒོན་ལས་དོན་གཞུང་ལས་ཁང་། ཀྲུང་གོ་རྒན་རྒོན་མཐུན་ཚོགས་བཅས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས། ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་ལ་དཔེ་འཐེན་བརྟག་དཔྱད་ཐེངས་དྲུག་པ་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ཏེ། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་འཐུས་སྒོ་ཚང་དུ་གཏོང་བར་གཞི་རྩའི་གཞི་གྲངས་ཀྱི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་བརྟག་དཔྱད་བྱ་ཡུལ་རྒན་རྒོན་དང་རྒན་རྒོན་གནས་སའི་སྡེ་ཁུལ(གྲོང་ཚོ)གཉིས་སུ་ཕྱེ་ཡོད། དེའི་ནང་རྒན་རྒོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ(ཐའེ་དབན་ཞིང་ཆེན་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཚུད་མེད)གནས་ཡོད་པ་དང་། 2026ལོའི་ཟླ་9ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་ལོ་60དང་དེ་ཡན་གྱི་ཀྲུང་གོའི་སྤྱི་དམངས་ཡིན་པ་རེད། བརྟག་དཔྱད་ཀྱི་ཁྱབ་ཁོངས་ནི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཡིན་པ་དང་། བརྟག་དཔྱད་ཇུས་འགོད་ཀྱི་མ་དཔེའི་གྲངས་འབོར་ནི་མི་ཁྲི་33ཡིན་པ་དང་སྤྱིའི་དཔེ་འཐེན་བསྡུར་ཚད་1‰ཙམ་ཡིན་པ་རེད།

    བརྡ་ཐོའི་ནང་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་དཔེ་འཐེན་བརྟག་དཔྱད་གྲངས་གཞི་གསར་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མི་འབོར་ན་རྒས་ཅན་ལ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས་བཅས་སྤྱི་འདོམས་ཀྱིས་གཏན་འབེབས་དང་ལག་བསྟར་བྱེད་པར་ཚན་རིག་དང་མཐུན་པའི་གཞི་གྲངས་ཀྱི་འདེགས་སྐྱོར་བྱས་ནས། དུས་རབས་གསར་པའི་རྒན་རྒོན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། རྒན་རྒོན་གྱི་གནས་ཚུལ་བསྡོམས་རྩིས་བརྟག་དཔྱད་དང་ཡོངས་བསྒྲགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་གྲངས་བློ་འདྲི་དང་། གསར་སྤེལ། མཉམ་སྤྱོད་སོགས་ཀྱི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་སྟེ། རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།