འཛམ་གླིང་ཐོག་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་ཕུག་ལམ་ཤར་གཏོང་ཐུབ་པ།
ཟླ་8ཚེས་25ཉིན། ཧྲན་ཏུང་ཅི་ནན་ཧོང་ཀང་ལམ་གྱི་རྨ་ཆུའི་ཕུག་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དེ་ཐོག་ནས་འཛམ་གླིང་ཐོག་གི་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་ཕུག་ལམ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད།
ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པས་སྐྲུན་འགན་འཁུར་བའི་ཕུག་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་5.75ཙམ་ཡོད་པའི་ནང་སོར་འབིགས་དུམ་བུའི་རིང་ཚད་ལ་སྤྱི་ལེ་3.3ཙམ་ཡོད་པ་དང་། འབིགས་ཚད་ཚངས་ཐིག་ལ་སྨི་17.5ཟིན་པའི“རི་ཆུ་རྟགས་ཅན”གྱི་འབིགས་འཕྲུལ་གྱིས་ཏལ་འབིགས་བཏང་བ་ཞིག་རེད། ཕུག་ལམ་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60འཆར་འགོད་བྱས་པ་དེ་ནི་རྨ་ཆུ་བརྒལ་བའི་ཕུག་ལམ་རྐྱང་པའི་རིམ་གཉིས་སོར་འབིགས་ཕུག་ལམ་ཐོག་མ་དེ་རེད། ཕུག་ལམ་གྱི་མཐོ་ཚད་ལ་སྨི་4.2ཟིན་པ་དེས་སྤྱི་སྤྱོད་རླངས་འཁོར་དང་། མེ་གསོད། དོ་དམ། དེ་བཞིན་རོགས་སྐྱོབ་སོགས་རླངས་འཁོར་ཤར་བགྲོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད། ཕུག་ལམ་བསྐྲུན་པ་དེས་ཅི་ནན་གྱི་གཙང་པོ་གཙོ་བོར་བྱས་པའི་དཔལ་འབྱོར་འཕེལ་རྒྱས་དང་རྨ་ཆུའི་ལྷོ་བྱང་ངོགས་གཉིས་ཀྱི་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་ཐེབས་རྒྱུ་རེད།
ཀྲུང་གོ་ལྕགས་ལམ་ཅུས་བཅུ་བཞི་པའི་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྨ་ཆུའི་ཅི་ནན་དུམ་བུ་ནི་དཔེ་མཚོན་གྱི“ས་སྟེང་གཟར་ཆུ”ཞིག་ཡིན་པས་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེན་པོ་ཡོད། རྣམ་གྲངས་ཚོགས་པས་སྔོན་ཐོན་རིག་ནུས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཕུག་ལམ་བདེ་འཇགས་དང་ལས་ཕྱོད་ཆེན་པོས་ཏལ་འབིགས་གཏོང་བར་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།