ལེའོ་ཉིང་གིས་ཉ་གྲུ“ཤིང་གི་གྲུ་གཟིངས་ནས་ལྕགས་ཀྱི་གྲུ་གཟིངས་ལ་སྒྱུར་བར”སྐུལ་འདེད་ཤུགས་ཆེན་བཏང་བ།

འདི་ནི་ཟླ་9ཚེས་1ཉིན། ལེའོ་ཉིང་གི་མཚོ་རྒྱུད་གྲོང་ཁྱེར་མང་པོ་ཞིག་ཏུ་རྒྱ་མཚོར་བསྐྱོད་ནས་ཉ་རྒྱག་འགོ་ཚུགས་པ་དང་ངར་ལྕགས་ཀྱིས་བཟོས་པའི་ཉ་གྲུ་མང་དག་ཅིག་ཏ་ལེན་གྱི་ཉ་འཛིན་གྲུ་ཁ་ནས་ཐོན་ཏེ་ཉ་རྒྱག་པར་སྐྱོད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལེའོ་ཉིང་གིས་སྲིད་ཇུས་བསྡུ་སྒྲིལ་དང་ཞབས་ཞུ་ལེགས་སུ་བཏང་ནས་རྒྱ་མཚོའི་ཉ་གྲུ“ཤིང་གི་གྲུ་གཟིངས་ནས་ལྕགས་ཀྱི་གྲུ་གཟིངས་ལ་སྒྱུར་བར”སྐུལ་འདེད་ཤུགས་ཆེན་བཏང་བ་དང་འབྲེལ། དེ་འཇུག་སྒོར་བྱས་ནས་ཉ་གྲུའི་ཚད་གཞི་དང་། མཚོ་ཐོག་བདེ་འཇགས། ཉ་འཛིན་སྒྲིག་ལམ་སོགས་ཐད་ཀྱི་དཀའ་གནད་བསལ་བ་རེད། ད་ལོའི་ཟླ་7པའི་བར། ལེའོ་ཉིང་གིས་ཉ་གྲུ་1700ལྷག་ཙམ་སྒྱུར་བཀོད་བྱས་པས་ཉ་གྲུའི་ལས་སྒྲུབ་བདེ་འཇགས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།