2026ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཐོན་ལས་འགྲེམས་ཚོགས་ཐེན་ཅིན་དུ་འགོ་ཚུགས་པ།

འདི་ནི་ཟླ་9ཚེས་3ཉིན། འགྲེམས་ཚོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འགྲེམས་ཁུལ་དུ་ལྟད་མོ་བས་འཁྲབ་སྟོན་པ་དང་མཉམ་འགུལ་བྱེད་བཞིན་པ།
ཟླ་9ཚེས་3ཉིན། རིག་གནས་དང་ཡུལ་སྐོར་པུས་གཙོ་གཉེར་བྱས་པའི་2026ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་ཐོན་ལས་འགྲེམས་ཚོགས་ཐེན་ཅིན་དུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ཐོག“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དུས་ཡུན་ཉིན་བཞིའི་རིང་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པའི་འགྲེམས་ཁུལ་དང་། མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་འགྲེམས་ཁུལ། རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་མཉམ་ལས་འགྲེམས་ཁུལ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འགྲེམས་ཁུལ། ལུས་རྩལ་སྤྲོ་གསེང་དགའ་ནེའུ་དུས་ཆེན་སོགས་འགྲེམས་ཁུལ་ཆེ་གྲས་བཅུ་བཙུགས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།