ཧུའུ་པེ་ཐུང་ཁྲེང་གིས་རང་བརྟེན་གསར་གཏོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཁྲོམ་ར་བཏོད་པ།

འདི་ནི་འཁོར་ཁང་ནང་ལས་མིས་དུས་ཚོད་དམ་འཛིན་གྱིས་3Dཨ་ཅོར་དང་དེ་བཞིན་PVAཕྱིས་རས་ཐུམ་སྒྲིལ་བརྒྱབ་ནས་ཕྱིར་གཏོང་གི་གྲ་སྒྲིག་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་ཐུང་ཁྲེང་རྫོང་དཔལ་འབྱོར་གསར་སྤེལ་ཁུལ་ཧུའུ་པེ་ལིར་ཅ་ཉེར་མཁོའི་དངོས་རྫས་མ་རྐང་ཚད་ཡོད་ཀུང་སིས་ཚན་ཞིབ་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ཐོན་སྐྱེད་ལས་རིམ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་ཡོད། འདྲ་བཟོ་དང་། རིམ་འཇུག འབོར་ཐོན་བཅས་ཀྱི་ལག་རྩལ་ཉམས་མྱོང་བརྒྱུད། ཆ་ཚང་རང་འགུལ་ཅན་གྱི་ཆེད་ལས་ཐོན་སྐྱེད་ལས་རིམ་5གསར་སྣོན་བྱས་པ་དང་། རིགས་འབྲེལ་ཐོན་རྫས་གསར་པ་12བདེ་བླག་ངང་བཏོན་པ། ཐོན་རྫས་བེད་སྤྱོད་བྱེད་སྟངས་སྲོལ་རྒྱུན་གྱི་རིགས་3ནས་རིགས་30ལྷག་ཙམ་བར་རྒྱ་སྐྱེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།