ཀྲུང་ཨེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཁེ་རོར་སྤེལ་བ།
ཟླ་9ཚེས་1ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨེ་ཅིབ་གསར་འགྱུར་རྒྱལ་དོན་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་ཨེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཁེ་རོར་སྤེལ་བ་རེད། ཀྲུང་ཨེ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་མི་སྣ་ཚུད་པའི་སྐུ་མགྲོན་བརྒྱ་ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ཉིན་དེར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཆེད་དོན་པར་གཞི《ཀྲུང་ཨེའི་མཉམ་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ》ཞེས་པ་མཉམ་དུ་པར་ལེན་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། སྤྱི་ཁྱབ་ལས་ཁུངས་CGTN(ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས)ཡི་གནས་ཚུལ་དངོས་བཀོད་པའི་འདྲི་གླེང་ལེ་ཚན《དྲིས་ལན་ཀྲུང་གོར་ཡོད》ཅེས་པ་དུས་གཅིག་ཏུ་པར་ལེན་བྱེད་འགོ་ཚུགས་པ་རེད། བྱེད་སྒོའི་ཐོག་ཀྲུང་གོའི་རྒྱལ་ཁབ་གློག་བརྙན་ཅུས་ཀྱི་རྒྱབ་སྐྱོར་འོག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི“དར་ལམ་སྣང་བརྙན”ཞེས་པའི་ཀྲུང་གོའི་གློག་བརྙན་ཨེ་ཅིབ་ཏུ་སྟོན་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཁྲུས་མཉམ་དུ་པར་ལེན་སྒྲིག་བཟོ་བྱས་པའི་ལེ་ཚན《ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་ཟབ་ཏུ་འགྲོ་བཞིན་ཡོད》ཅེས་པ་ས་ཡུལ་དངོས་སུ་འོས་སྦྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།