དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དམངས་ཁྲོད་ཀྱི་སྤྱི་ཚོགས་ཚོགས་འདུ་ཅི་ནན་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-09-05

    ཟླ་9ཚེས་2ཉིན། “མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱེད། དམངས་ཁྲོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐུན་མོང་སྒྲིག་གཞི་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དམངས་ཁྲོད་ཀྱི་སྤྱི་ཚོགས་ཚོགས་འདུ་ཧྲན་ཏུང་ཅི་ནན་དུ་འཚོགས་པ་རེད། ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་སྐུལ་སྤེལ་མཐུན་ཚོགས་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་ཚོགས་འདུ་གཙོ་གཉེར་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་སྐུལ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཤའོ་ཅེ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིན་སོགས་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། རྒྱལ་ཁབ་36ནས་ཡོང་བའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་། རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ཀྱི་འགན་འཁུར་བ། རྒྱལ་ནང་གི་འབྲེལ་ཡོད་སྡེ་ཚན་གྱི་འཐུས་མི་སོགས་མི་300ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།

    ཤའོ་ཅེས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དམངས་ཁྲོད་སྤྱི་ཚོགས་དང་མཉམ་ལས་བྱེད་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཐུན་མོང་ཐོག་ལག་བསྟར་བྱས་ཏེ། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བྱས་རྗེས་ངོ་མཚར”མུ་མཐུད་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་དམངས་ཁྲོད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།