རོགས་སྐྱོབ་སྟོབས་ཤུགས་ཁག་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་བསྐྱོད་པ།
ཉིན་ཤས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། སྐྱིད་གྲོང་གི་ཆུ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་9ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ལམ་216གི་གནོད་འཚེ་ཕོག་པའི་ལམ་དུམ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། རོགས་སྐྱོབ་སྟོབས་ཤུགས་ཁག་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་བསྐྱོད་དེ། མཐུན་སྦྱོར་དམག་འཐབ་བྱས་ནས་ཞིག་རོའི་ཁུལ་དུ་འཚོལ་སྐྱོབ་དང་། འདམ་རྙོག་གཙང་སེལ། ཁོར་ཡུག་ལ་དུག་སེལ། ལམ་གཞི་བརྟན་དུ་གཏོང་བ་སོགས་ཉེན་སེལ་རོགས་སྐྱོབ་ལས་དོན་ལས་ཕྱོད་ཆེན་པོས་སྤེལ་བཞིན་ཡོད་པ་རེད།
དེ་ཉིན་གསར་འགོད་པ་རྐང་ཐང་མར་སྐྱིད་གྲོང་འགག་སྒོའི་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སྐྱོད་སྐབས། དེ་གར་འཕྲུལ་ཆས་ཀྱིས་ལས་སྒྲུབ་དང་མི་རྣམས་ཀྱིས་ཞིབ་བཤེར་ཞིབ་ཚགས་བྱེད་པ་དང་ཕྱོགས་མང་པོའི་སྟོབས་ཤུགས་མཉམ་འགུལ་གྱི་ཕྱོགས་བསྡུས་ཅན་གྱི་རོགས་སྐྱོབ་མ་ལག་ཅིག་གྲུབ་ཡོད། ལས་སྒྲུབ་བྱེད་སར་ལས་གྲྭའི་འཕྲུལ་ཆས་ཆེ་གྲས་ཀྱིས་གཏོར་སྐྱོན་ཕོག་པའི་ལམ་གཞི་དང་རི་ལྡེབས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་པ་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་གྱང་རོའི་སྲུབས་ཀ་དང་། ཀོང་དོང་ཡོད་ས། ཁང་པའི་གྱང་རོ་བཅས་སུ་ཁུག་ཆ་གཅིག་ཀྱང་མ་ལུས་པར་ལེབ་བཤེར་རྣམ་པའི་འཚོལ་སྐྱོབ་ཞིབ་ཚགས་བྱེད་པ་མ་ཟད། ཁོར་ཡུག་ལ་དུག་སེལ་ཡང་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།