དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་རྡོག་ཐོན་གྱིས་ཤིག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤན་ཀན།   |     སྤེལ་དུས།  2026-09-05

    “སྐྱིད་གྲོང་འགག་སྒོར་སྐྱོད་སའི་འགྲོ་ལམ་ཤར་གཏོང་ཐུབ་འདུག”

    གནས་ཚུལ་དེ་ཐོས་རྗེས་སྐྱིད་གྲོང་གྲོང་རྡལ་ཡོངས་སུ་ཐོན་གྲ་སྒྲིག ཁྲོམ་གཞུང་དུ་སྒུག་ནས་བསྡད་པའི་རོགས་སྐྱོབ་རླངས་འཁོར་འཕྲལ་དུ་གློག་བསླངས་པ་དང་ཕྱོགས་མང་པོའི་རོགས་སྐྱོབ་མི་སྣ་ལམ་ཆས་བསྡོགས་ནས་ཐོན་ཏེ་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་ཁག་བགོས་ཏེ་བསྐྱོད།

    རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་སྐྱོད་པ་ནི་མི་ཚང་མའི་རེ་བ་ཡིན་ཞིང་། གནོད་འཚེ་ཐོན་ཚུན་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣར་མི་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་ལམ་216གི་ལམ་དུམ་ཁག་གཅིག་གཏོར་སྐྱོན་ཕོག་པའི་དབང་གིས་རོགས་སྐྱོབ་སྟོབས་ཤུགས་མང་པོ་ཞིག་སེམས་སླེབས་སར་ལུས་པོ་མ་བསླེབས་པར་ལུས།

    རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་བསྐྱོད་ན་རེ་བ་ལོས་ཡོད། གནོད་འཚེ་ཐོན་ནས་གཟའ་འཁོར་གཅིག་ལྷག་ཙམ་སོང་མོད། འོན་ཀྱང་རྐྱེན་ལམ་དུ་ཤོར་བ་དང་འབྲེལ་བ་ཆད་པའི་མི་སྣ་གང་ཐུབ་ཅི་ཐུབ་ཀྱིས་འཚོལ་དགོས། མདུན་ཕྱོགས་སུ་འབད་འཐབ་བྱེད་བཞིན་པའི་རོགས་སྐྱོབ་མི་སྣ་ཡིན་ནའང་འདྲ། ཡང་ན་སྐྱིད་གྲོང་གྲོང་རྡལ་དུ་བཀའ་སྒུག་བཞིན་པའི་རོགས་སྐྱོབ་མི་སྣ་སུ་ཞིག་ཡིན་རུང་། ཁོང་ཚོ་ཚང་མའི་སེམས་སུ་བསམ་ཚུལ་འདི་བཅངས་ནས་ཡོད།

    འཇམ་ཐིང་ངེར་གྱུར་པའི་སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་དུ་སྐྱོད་བཞིན་ཚོང་ཁང་གི་སྒོ་རྩར་བཀལ་བའི་རྒྱལ་དར་མཐོང་སྐབས་ལུས་ཀྱི་སྤུ་ལོང་གཡོས། གནོད་འཚེར་སྙིང་རྗེ་མེད་ཀྱང་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ། དཀའ་ངལ་དང་ཉེན་ཁ་མང་པོ་ཇི་ཙམ་འཕྲད་རུང་རེ་རེ་བཞིན་ཁྱད་དུ་བསད་དེ་དེ་ལས་རྣམ་པར་རྒྱལ་དགོས།

    མྱུར་བཟོ་བྱས་མ་ཐག་པའི་འགྲོ་ལམ་བརྒྱུད་དེ་རྒྱལ་མཚམས་སྒོ་མོའི་ཕྱོགས་སུ་རྡོག་ཐོན་གྱིས་ཤིག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།