སྨི་རེ་རེ་བཞིན་མདུན་ཕྱོགས་སུ་བསྐྱོད་པ།
གཟའ་འཁོར་གཅིག་ལྷག་ཙམ་གོང་གནོད་འཚེ་ཐོན་རྗེས་དེ་སྔ་ཤར་གཏོང་ཐུབ་པའི་མཐའ་མཚམས་འགག་སྒོ་དེ“ཁེར་ཆགས་གླིང་ཕྲན”དུ་གྱུར། ཆར་རླུང་དང་ཉེན་ཁར་མ་འཛེམས་པར་འགྲོ་ལམ་མྱུར་བཟོའི་འགག་སྒྲོལ་དམག་འཐབ་ཅིག་རི་ཚོགས་ཀྱིས་བསྐོར་བའི་སྐྱིད་གྲོང་རྫོང་དུ་གློ་བུར་དུ་རྒྱག་འགོ་ཚུགས།
འགྲོ་ལམ་མྱུར་བཟོ་བྱེད་པ་ནི་ལམ་བུ་དེ་རང་གི་ཆེད་དུ་མ་ཡིན། གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་གྱི་གུར་ནང་སྡོད་མཁན་རོགས་སྐྱོབ་མི་སྣས་དུས་འགོར་འགྲོ་ལམ་ཆད་པའི་དབང་གིས་ང་ཚོ་ཐག་པར་འཁྱུད་ནས་བབས་པ་དང་རྐང་ཐང་མར་བསྐྱོད་རྒྱུ་ལས་མ་འདས་པས་ལུས་ཤུགས་ཟད་པ་དང་ཉེན་ཁ་ཆེ་བ་མ་ཟད། འཚོལ་སྐྱོབ་བྱེད་རྒྱ་ཆུང་བ་དང་རོགས་སྐྱོབ་ཀྱི་ལས་ཕྱོད་ཀྱང་ཆེན་པོ་མེད་ཅེས་བཤད་བྱུང་།
འགྲོ་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱི“དཔུང་སྡེ་ཆེན་པོས”སྒྲིག་ཆས་དང་དངོས་ཟོག་སོགས་ཁྱེར་ནས་གནོད་འཚེ་ཕོག་པའི་ལྟེ་བའི་ཁུལ་དུ་སྔ་རྗེས་སུ་འབྱོར་བ་དང་། དུས་ཐུང་ལས་བགོས་བརྒྱབ་རྗེས་མགྱོགས་མྱུར་རོགས་སྐྱོབ་བྱེད་འགོ་བཙུགས་ནས་མི་སྣ་འཚོལ་སྐྱོབ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དངོས་ཟོག་བརྒྱུད་འདྲེན་སོགས་ཀྱི་ལས་དོན་སྤེལ་ཡོད།
འདམ་རྫབ་གཙང་སེལ་དང་འགྲོ་ལམ་སྨི་གཅིག་ཤར་གཏོང་ཐུབ་ཚེ་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་ཆེན་པོ་གཏོང་ཐུབ། འགྲོ་ལམ་ཤར་གཏོང་ཐུབ་པ་ནི་རླངས་འཁོར་དང་དངོས་ཟོག་དབོར་ཆེད་ཙམ་མ་ཡིན་པར་མི་མང་པོའི་རེ་སྒུག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།