བཀའ་རྒྱ་སྒུག་པའི་དུས་ཚོད་སྐར་མ་རེ་རེ་དེ་འདྲའི་འཁྱོལ་ཁག་པ་ལ་ཨང་།
སྐྱིད་གྲོང་འགག་སྒོར་སྐྱོད་སའི་ལམ་ཤར་གཏོང་ཐུབ་སོང་།
ཟླ་9ཚེས་2ཉིན་ནམ་ལངས་ཙམ་ལ་གནས་ཚུལ་དེ་ཀྲུང་གོ་ཨན་ནེང་གི་ཉེན་ཟོན་ཐག་རྒྱའི་ཕྱོགས་ནས་ཐོས་བྱུང་། དེ་མ་ཉིད་དུ་ཐག་རྒྱའི་ཕྱི་རོལ་དུ་མི་ཇེ་མང་དུ་སོང་ནས་རྒྱབ་ཏུ་སྒྲིག་ཆས་དང་སྦྱག་མ་ཁུར་བའི་རོགས་སྐྱོབ་མི་སྣ་ཚང་མ་དངངས་འཚབ་ཆེན་པོས་རི་ཟུར་གྱི་ལམ་བུའི་ཕྱོགས་སུ་ཁ་གཏད།
མི་ཚང་མས་ཉིན་གཉིས་པའི་ཤར་གཏོང་ཐུབ་པའི་གནས་ཚུལ་གསར་ཤོས་སྒུག་བཞིན་འདུག རེ་སྒུག་དེ་ནི་ཉེན་སེལ་རོགས་སྐྱོབ་ཀྱི་ཆ་ཤས་ཤིག་རེད།
ཉིན་དེ་དག་ནང་ཐོས་མང་ཤོས་ཀྱི་མིང་ཚིག་གཉིས་ནི“བཀའ་སྒུག་པ”དང“ཐབས་བརྒྱ་ཇུས་སྟོང”ཞེས་པ་ཡིན། སྐད་ཆ་གོང་མ་ནི་གང་གསུང་དེ་སྒྲུབ་ཀྱི་བཀའ་རྒྱ་ཡིན་པ་དང་ཕྱི་མ་ནི་འགན་འཁྲི་འཁུར་ཕོད་པའི་རྣམ་འགྱུར་ཡིན། གནོད་འཚེའི་མདུན་དུ་ཆེས་བབ་ཆགས་པའི་སྐད་ཆའི་ནང་ཆེས་ཉམས་སད་ཐེག་ཐུབ་པའི་འགན་འཁྲི་ཡོད།
འབྱོར་ལ་ཉེ་བའི་བཀའ་རྒྱ་ནི་རོགས་སྐྱོབ་མི་སྣའི་སེམས་ནང་གི་རེ་སྒུག་ཆེ་ཤོས་རེད།
བཀའ་རྒྱ་སྒུག་པའི་དུས་ཚོད་སྐར་མ་རེ་རེ་དེ་འདྲའི་འཁྱོལ་ཁག་པ་ལ་ཨང་། འོན་ཀྱང་འགྲོ་ལམ་མདུན་ཕྱོགས་སུ་སྨི་གཅིག་སྣུར་སྲིང་བྱས་ཚེ། བཀའ་རྒྱ་དང་བར་ཐག་དེ་བས་ཉེ་རུ་འགྲོ་གི་ཡོད། དེས་ན་སྟོབས་ཤུགས་གང་ཡོད་འདོན་དང་། ཐམས་ཅད་སྒུག་རིན་ཡོད་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།