དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གནམ་ཐང་ཚོགས་པས་ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-05

    ཟླ་8ཚེས་31ཉིན། ཧྲུན་ཧྥུང་མཁའ་འགྲུལ་O36941དུས་གཏན་གནམ་གྲུར་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེའི་རྒུད་སྐྱོབ་དངོས་ཟོག་བླུགས་ནས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། བོད་ལྗོངས་གནམ་ཐང་ཚོགས་པའི་འགན་སྲུང་ཚན་པ་ཁག་གིས་འཕྲལ་དུ་མཉམ་འགུལ་དང་མཉམ་ལས་ནུས་ལྡན་བྱས་ཏེ། གནམ་གྲུ་དེའི་དངོས་ཟོག་འབེབས་པ་དང་བརྒྱུད་འདྲེན་གྱི་འགན་སྲུང་ལས་དོན་བདེ་བླ་ངང་ལེགས་སྒྲུབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཧྲུན་ཧྥུང་མཁའ་འགྲུལ་O36941དུས་གཏན་གནམ་གྲུས་ཁྱོན་སྤྱི་རྒྱ་1418ཟིན་པའི་རྒུད་སྐྱོབ་དངོས་ཟོག་ཁག་15བརྒྱུད་འདྲེན་བྱས་ཤིང་། དེའི་ནང་མི་མེད་གནམ་གྲུའི་སྒྲིག་ཆས་དང་འགོག་སྲུང་སྒྲིག་ཆས་སོགས་ཚུད་ཡོད་པ་རེད།

    གནོད་འཚེ་ཐོན་རྗེས། བོད་ལྗོངས་གནམ་ཐང་ཚོགས་པས་མྱུར་དུ་སྐུལ་སློང་བཀོད་སྒྲིག་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེའི་དིང་རི་གནམ་ཐང་འཕྲལ་མྱུར་མཁའ་འགྲུལ་སྐྱེལ་འདྲེན་ས་གནས་ས་ཐོག་བཀོད་འདོམས་པུའུ་བཙུགས་ནས《གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི“8·26”ཆུ་རུད་གནོད་འཚེའི་དིང་རི་གནམ་ཐང་འཕྲལ་མྱུར་མཁའ་འགྲུལ་སྐྱེལ་འདྲེན་འགན་སྲུང་ལས་དོན་གྱི་ཇུས་གཞི》བཟོ་བ་དང་། རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་གྱི་འཕྲལ་སྒྲུབ་རུ་ཁག་འཛུགས་པ། རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ནས། རྒུད་སྐྱོབ་དངོས་ཟོག་བླུགས་པའི་དུས་གཏན་གནམ་གྲུ་སྔོན་ལ་འཕུར་འབབ་དང་སྔོན་ལ་འགན་སྲུང་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་དུས་མཚུངས། མཁའ་ཐོག་འགྲུལ་སྡོམ་དང་། མཁའ་འགྲུལ་ཀུང་སི། གནམ་ཐང་འགག་སྒོ་སོགས་འབྲེལ་ཡོད་ཚན་པ་དང་ནུས་ཆེའི་མཉམ་འགུལ་ལམ་སྲོལ་བཙུགས་ནས་དངོས་ཟོག་དུས་ཐོག་ཏུ་བརྒྱུད་འདྲེན་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།